དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་ཕྱོགས་ཀྱིས་པེ་ཅིང་དུ་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་འཚོག་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-09-26

    ཉེ་ཆར། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀུའོ་ཅ་ཁུན་གྱིས། པེ་ཅིང་དུ་འཛམ་གླིང་བུད་མེད་ཚོགས་ཆེན་འཚོགས་ནས་ལོ་30འཁོར་བའི་མཚམས་སུ་ཀྲུང་གོ་ཕྱོགས་ཀྱིས་མི་རིང་བར་པེ་ཅིང་དུ་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་སླར་ཡང་འཚོག་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པ་དང་བུད་མེད་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་འཕེལ་རིམ་གསར་པ་མགྱོགས་སུ་བཏང་སྟེ། གོ་ལ་ཧྲིལ་པོའི་བུད་མེད་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་འདོད་ཡོད་ཅེས་བརྗོད་པ་རེད།

    ཀུའོ་ཅ་ཁུན་གྱིས་བརྗོད་དོན། ལོ་30ཡི་གོང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་གི་བུད་མེད་ཚོགས་ཆེན་ཐེངས་བཞི་པ་པེ་ཅིང་དུ་བདེ་བླག་ངང་འཚོགས་པ་རེད། པེ་ཅིང་གི་འཛམ་གླིང་བུད་མེད་ཚོགས་ཆེན་ལ་དྲན་གསོ་ཞུ་བ་དང་། 《པེ་ཅིང་གི་བསྒྲགས་གཏམ》དང《བྱ་སྤྱོད་ཀྱི་རྩ་འཛིན》དོན་འཁྱོལ་ལ་སྐུལ་འདེད་གཏོང་ཆེད། ལོ་10ཡི་གོང་ཀྲུང་གོ་སྲིད་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་བུད་མེད་ཧྲུའུ་ཡིས་ཉིའུ་གཡོད་དུ་གནས་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་གོ་ལ་ཧྲིལ་པོའི་བུད་མེད་ཀྱི་དབུ་ཚོགས་མཉམ་དུ་གཉེར་ཡོད། ལོ་5ཡི་གོང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2025ལོར་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་སླར་ཡང་འཚོག་རྒྱུའི་གྲོས་འགོ་བཏོན་གནང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།