དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ཁོངས་མིའི་རྒྱལ་ཁབ་ཀྱི་སྤྱི་ཁྱབ་ཅན་ཁྲ་ཀྲང་ཚོགས་འདུ་སྐབས་བཅོ་ལྔ་པ་ཤང་ཀང་དུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-09-26

    ཚེས་23ཉིན། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ཁོངས་མིའི་རྒྱལ་ཁབ་ཀྱི་སྤྱི་ཁྱབ་ཅན་ཁྲ་ཀྲང་ཚོཌ་འདུ་སྐབས་བཅོ་ལྔ་པ་ཤང་ཀང་དུ་འཚོགས་པ་རེད། ཚོགས་འདུས“གྲངས་འཛིན་དུས་རབས་སུ་བཙོག་དངུལ་གཙང་སྒྱུར་དང་། རུལ་སུངས་ཉེས་གསོག མ་དངུལ་འདེད་འཇལ་བཅས་ལ་རྡུང་རྡེག་གཏོང་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་རྒྱལ་ཁབ་ཁག་གིས་གྲངས་འཛིན་དུས་རབས་སུ་ལག་གདང་སྦྲེལ་ནས་འབྲེལ་ཡོད་འགྲན་སློང་ལ་ཁ་གཏད་གཅོག་རྒྱུའི་རེ་འབོད་བྱས་པ་རེད།

    སྐབས་འདིའི་ཚོགས་འདུ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་གཙོ་གཉེར་བྱས་པ་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་ཁྲིམས་ལུགས་ལས་དོན་སིས་སྒྲུབ་འགན་འཁུར་བ་ཞིག་རེད། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ཁོངས་མིའི་རྒྱལ་ཁབ་ཀྱི་སྤྱི་ཁྱབ་ཅན་ཁྲ་ཀྲང་དང་ཞིབ་དཔྱོད་ལས་ཁུངས་ཀྱི་འཐུས་མི་80ལྷག་ཙམ་ཚོགས་འདུར་ཞུགས་པ་རེད།

    ཀྲུང་གོའི་དབུ་བཞུགས་ཞིབ་དཔྱོད་དཔོན་ཆེ་མོ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་དབྱིན་ཡུང་གིས་འགོ་ཚུགས་མཛད་སྒོར་ཤིས་ཚིག་སྒྲོན་སྐབས། སྐབས་འདིའི་ཚོགས་འདུའི་བརྗོད་དོན་གཙོ་བོས་ཚོགས་ཞུགས་ཕྱོགས་ཁག་གིས་བཙོག་དངུལ་གཙང་སྒྱུར་གྱི་ཉེས་གསོག་དང་། རུལ་སུངས་ཉེས་གསོག དེ་བཞིན་ཁྲིམས་འགལ་གྱི་མ་དངུལ་རྒྱལ་མཚམས་བསྒྲལ་ནས་སྤོ་སྒྱུར་བཅས་ཀྱི་གནོད་འཚེའི་ཐད་བཟུང་བའི་ཐུན་མོང་གི་ངོས་འཛིན་མཚོན་ཡོད་ལ། རྒྱལ་ཁབ་ཁག་གི་ཞིབ་དཔྱོད་ལས་ཁུངས་ཀྱིས་བཙོག་དངུལ་གཙང་སྒྱུར་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་ཐུན་མོང་གི་རེ་འདུན་ཡང་མཚོན་ཡོད། ཀྲུང་གོའི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཁག་གི་ཞིབ་དཔྱོད་ལས་ཁུངས་དང་ཕན་ཚུན་ཤེས་རྟོགས་དང་མཉམ་ལས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ཉེས་གསོག་མ་དངུལ་འདེད་འཇལ་ཐད་ཀྱི་མཉམ་ལས་མུ་མཐུད་ཟབ་ཏུ་གཏོང་བ་དང་། ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་ལ་སྔར་བས་ལག་གདང་སྦྲེལ་ནས་སྲུང་སྐྱོང་བྱས་ཏེ་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།