རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ཆེད་དོན་གྲོས་མོལ་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་རང་ལྗོངས་ཀྱི་འོས་འགན་སློབ་གསོ་སྤུས་ལེགས་དང་དོ་སྙོམས་ངང་འཕེལ་རྒྱས་འགྲོ་བར་ཇུས་བཟང་བཏོན་པ།
ཚེས་23ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས“འོས་འགན་སློབ་གསོ་སྤུས་ལེགས་དང་དོ་སྙོམས་ངང་འཕེལ་རྒྱས་བཏང་ནས་ཐབས་མང་མཉམ་སྤྱོད་ཀྱིས་སློབ་གནས་མི་འདང་སར་སྤྱི་འདོམས་ཁ་གསབ་བྱས་ཏེ། སློབ་གསོའི་ལྗོངས་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི”ཆེད་དོན་གྲོང་མོལ་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། རང་ལྗོངས་ཀྱི་འོས་འགན་སློབ་གསོ་སྤུས་ལེགས་དང་དོ་སྙོམས་ངང་འཕེལ་རྒྱས་འགྲོ་བར་བདེན་གཏམ་བཤད་པ་དང་ཇུས་བཟང་བཏོན་ཡོད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ལི་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་ནན་བཤད་གནང་དོན། སློབ་གསོའི་ལྗོངས་སྟོབས་ཆེན་འཛུགས་སྐྲུན་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་བཏང་ནས་འོས་འགན་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་དོ་སྙོམས་བྱེད་པ་དང་། སློབ་མའི་མི་འབོར་གྱི་འགྱུར་ལྡོག་གཞིར་བཟུང་སློབ་གྲྭའི་བཀོད་པ་ལེགས་སྒྲིག་བྱེད་པ། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སློབ་གྲྭའི་གྲངས་འཛིན་ཅན་གྱི་སློབ་གསོའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། དེ་དང་ཆབས་ཅིག འགན་ལེན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་མཉམ་དུ་སྐུལ་འདེད་བཏང་སྟེ་སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་མཉམ་དུ་གཏོད་དགོས།
འབྲེལ་ཡོད་གསར་འགྱུར།