དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “མེས་རྒྱལ་ལ་སྙན་ཞུ་འབུལ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྩོམ་རིག་གྲུབ་འབྲས་འགྲེམས་སྟོན”པེ་ཅིང་དུ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-26

    ཉེ་ཆར། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་དང་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ཡིས་མཛུབ་ཁྲིད་བྱས་པ་དང་། ཀྲུང་གོ་དེང་རབས་རྩོམ་རིག་ཁང་དང་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི“མེས་རྒྱལ་ལ་སྙན་ཞུ་འབུལ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྩོམ་རིག་གྲུབ་འབྲས་འགྲེམས་སྟོན”པེ་ཅིང་དུ་འགོ་ཚུགས་པ་རེད།

    ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་དང་ཏང་ཙུའི་ཧྲུའུ་ཅི་ཀྲང་ཧུང་སེན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་གསུངས་པ་རེད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་བཀྲ་ཤིས་ཟླ་བས་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་ཞུས་ནས་ཀྲུང་གོ་དེང་རབས་རྩོམ་རིག་ཁང་ལ་དཔེ་དེབ་ཞལ་འདེབས་ཕུལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲེམས་སྟོན་ནང་རྩོམ་རིག་བརྩམས་ཆོས་300ཙམ་ཞུགས་པ་དང་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀྲུང་གོ་དེང་རབས་རྩོམ་རིག་ཁང་ལ《བོད་ཀྱི་རྩོམ་རིག་གཅེས་བཏུས་ཕྱོགས་བསྒྲིགས》སོགས་རྩོམ་རིག་སྐོར་གྱི་དཔེ་ཚོགས་དང་། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་འབྲེལ་ཡོད་དཔེ་དེབ་སོགས་ཞལ་འདེབས་བརྒྱབ་ཅིང་། འགྲེམས་སྟོན་དེ་ཟླ་12ཚེས་22ཉིན་བར་རྒྱུན་མཐུད་གཉེར་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།