རིག་གནས་བསམ་བཀོད་གླིང་གི་གཉིས་བཀུར་སྤྱི་གླིང་གི་སྒོ་བྱང་དངོས་སུ་བཀལ་བ།
ཟླ་9ཚེས་20ཉིན། རིག་གནས་བསམ་བཀོད་གླིང་གི་གཉིས་བཀུར་སྤྱི་གླིང་གི་སྒོ་བྱང་དངོས་སུ་བཀལ་བ་རེད།

སྤྱི་གླིང་དེ་བོད་ལྗོངས་རིག་གནས་ཡུལ་སྐོར་བསམ་བཀོད་གླིང་གི་འཛུལ་ས་དང་གྲོང་སྐོར་ལྷོ་ལམ་གྱི་སྦྲེལ་མཚམས་སུ་གནས་ཡོད་ཅིང་། སྔོན་མའི་རྩྭ་རྩི་ཤིང་རང་སོར་བཞག་པའི་རྨང་གཞིའི་ཐོག སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་བ་དང་ཡུལ་ལྗོངས་གསར་པ་བསྐྲུན་ཡོད།

སྤྱི་གླིང་གི་རྐང་ཐང་ལམ་དུ་སྐྱོད་སྐབས། ཇུས་འགོད་ཞིབ་ཚགས་བྱས་ནས་བསྐྲུན་པའི་རིག་གནས་ཀྱི་གྱང་མངོན་གསལ་དོད་པོ་ཡོད་ཅིང་། པར་རིས་དང་ཡི་གེའི་ལམ་ནས་ལྷ་སའི་དམག་དམངས་ཀྱི་སེམས་པ་མཐུན་པ་དང་ཁྱིམ་གཞིས་སྲུང་བའི་རྣམ་པ་མངོན་ཡོད།

དེས་མ་ཚད། སྤྱི་གླིང་ནང་ད་དུང་ཆེད་མངགས་ཕྲུ་གུའི་རྩེད་མོ་རྩེ་ཁུལ་བཟོས་ཡོད་པས། ཁྱིམ་བདག་ཚོས་བློ་བདེ་པོའི་ངང་ཕྲུ་གུ་སྤྱི་གླིང་ནང་གློད་ཆོག་གི་འདུག
འབྲེལ་ཡོད་གསར་འགྱུར།