དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འཛམ་གླིང་གི་མཚོ་གཏིང་མྱུར་བགྲོད་ལྕགས་ལམ་གྱི་ཕུག་ལམ་རིང་ཤོས་ཉིང་པོ་ཡི་གཞོགས་ཕྱེད་ཀ་དྲུས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-09-25

    ཟླ་9ཚེས་22ཉིན་ཀྲེ་ཅང་ཞིང་ཆེན་ཉིང་པོ་དང་ཀྲོའུ་ཧྲན་དབར་གྱི་ཅིན་ཐང་ཆུ་ལམ་མཚོ་གཏིང་གི་སྨི་65ཡི་མཚམས་སུ་རྒྱལ་ནང་ནས་ཐོན་སྐྱེད་བྱས་པའི་ཚངས་ཐིག་ཧ་ཅང་རིང་བའི་འབིགས་འཕྲུལ“ཡུང་ཀྲོའུ་རྟགས་ཅན”གྱིས་དྲུས་པའི་ཕུག་ལམ་རིང་ཚད་སྨི་2470ལྷག་ཙམ་ཟིན་ཞིང་། དེ་ཐོག་ནས་ཡུང་ཀྲོའུ་ལྕགས་ལམ་ཅིན་ཐང་མཚོ་གཏིང་ཕུག་ལམ་ཉིང་པོ་ཡི་གཞོགས་ཕྱེད་ཀ་དྲུས་ཟིན་པ་མ་ཟད། ཕུག་ལམ་འཛུགས་སྐྲུན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པའང་མཚོན་ཡོད། ཡུང་ཀྲོའུ་ལྕགས་ལམ་ཅིན་ཐང་མཚོ་གཏིང་ཕུག་ལམ་དེ་ནུབ་ཀྲེ་ཅང་ཉིང་པོ་གྲོང་ཁྱེར་པེ་ལུན་ཆུས་ནས་འགོ་བཙུགས་ཏེ་ཤར་ཀྲོའུ་ཧྲན་གྲོང་ཁྱེར་ཅིན་ཐང་གྲོང་རྡལ་བར་ཡིན་པ་དང་། དེའི་ཁྱོན་ཡོངས་ཀྱི་རིང་ཚད་ལ་སྤྱི་ལེ་16.18ཟིན་པ་དང་དེ་ནི་འཛམ་གླིང་གི་མཚོ་གཏིང་མྱུར་བགྲོད་ལྕགས་ལམ་གྱི་ཕུག་ལམ་རིང་ཤོས་དེ་རེད། འདི་ནི་ཟླ་9ཚེས་22ཉིན་པར་བརྒྱབ་པའི་ཡུང་ཀྲོའུ་ལྕགས་ལམ་ཅིན་ཐང་མཚོ་གཏིང་ཕུག་ལམ“ཡུང་ཀྲོའུ་རྟགས་ཅན”གྱི་འབིགས་འཕྲུལ་གྱིས་ཕུག་ལམ་འདྲུ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།