2025ལོའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་མི་ཐབས་རིག་ནུས་པུའུ་ཀྲང་གི་གྲལ་སྒོར་ཚོགས་འདུ་ནན་ཉིང་དུ་འཚོགས་པ།
ཉིན་ཤས་གོང་། ཀྲུང་གོ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་2025ལོའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མི་ཐབས་རིག་ནུས་པུའུ་ཀྲང་གི་གྲལ་སྒོར་ཚོགས་འདུ་ཀོང་ཤིས་ནན་ཉིང་དུ་འཚོགས་པ་རེད།
ད་ཐེངས་ཀྱི་ཚོགས་འདུའི་དམིགས་ཡུལ་ནི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མི་ཐབས་རིག་ནུས་པུའུ་ཀྲང་རིམ་པའི་གླེང་མོལ་སྤེལ་རེས་ལས་སྟེགས་བསྐྲུན་ཏེ། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དབར་གྱི་མི་ཐབས་རིག་ནུས་འཕེལ་རྒྱས་དང་བཅོས་སྐྱོང་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་བཏང་ནས། མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི་ཕན་པ་མཉམ་སྤྱོད་ཐུབ་པར་བྱ་རྒྱུ་རེད།
ཚོགས་འདུའི་ཐོག་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་མི་ཐབས་རིག་ནུས་བཀོལ་སྤྱོད་མཉམ་ལས་ལྟེ་གནས་སྐྲུན་འགོ་འཛུགས་རྒྱུའི་ཁྱབ་བསྒྲཌ་བྱས་ཤིང་། སླད་ཕྱིན་མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། ཁུངས་འདོན་སྒོ་དབྱེའི་ཞབས་འདེགས་ཞུ་བ། ཐོན་ལས་མཉམ་ལས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། ཤེས་ལྡན་པ་སྐྱེད་སྲིང་ལ་སྐུལ་འདེད་གཏོང་བ་སོགས་ལ་དམིཌ་ནས་མཉམ་ལས་ཞིབ་ཕྲ་བྱས་ཏེ། དངོས་སྒྲུབ་མཉམ་ལས་དང་རྣམ་གྲངས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་དང་མི་ཐབས་རིག་ནུས་ལག་རྩལ་ཀུན་ཕན་བཀོལ་སྤྱོད་ཐུབ་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།