སིང་ཀ་ཕོར་གྱི་མཁས་དབང་གིས་ཀྲུང་གོར་རི་པིན་བཙན་འཛུལ་དམག་འཁྲུག་སྐོར་གྱི་ལོ་རྒྱུས་ཡིག་ཆ་ཞལ་འདེབས་བརྒྱབ་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་སིང་ཀ་ཕོར་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། སིང་ཀ་ཕོར་གྱི་ལོ་རྒྱུས་མཁས་དབང་ལིན་ཧྲའོ་པིན་གྱིས་སིང་ཀ་ཕོར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་ནས། ཀྲུང་གོའི་ལོ་རྒྱུས་ཞིབ་འཇུག་ཁང་གི་དཔེ་དེབ་ཡིག་ཚགས་ཁང་ལ། རི་པིན་བཙན་འཛུལ་དམག་འཁྲུག་སྐོར་གྱི་ལོ་རྒྱུས་ཡིག་ཆ་64ཞལ་འདེབས་བརྒྱབ་པ་རེད། ལོ་རྒྱུས་ཡིག་ཆ་དེ་དག་རི་པིན་ནས་བྱུང་བ་དང་། གཙོ་བོ་ཀྲུང་གོའི་གཡུལ་ས་དང་འབྲེལ་བ་ཡོད་ལ། སྐབས་དེ་དུས་ཀྱི་རི་པིན་གྱི་ཧམ་སེམས་ཆེན་པོ་དང་དམག་འཁྲུག་ལ་མཛེས་རྒྱན་སྤྲས་པའི་སྤྱོད་ངན་གསལ་སྟོན་བྱས་ཡོད།
ཚེས་18ཉིན་གྱི་རྩིས་སྤྲོད་མཛད་སྒོར་སིང་ཀ་ཕོར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཚའོ་ཀྲུང་མིང་གིས་ལིན་ཧྲའོ་པིན་ལ་ཞལ་འདེབས་ལག་ཁྱེར་སྤྲད་པ་རེད།
ལོ་རྒྱུས་ཡིག་ཆ་64དེ་དག་ནང་དུ་དཔེ་ཆ་ཐང་དབྱིབས་མ་དང་། པར་དེབ། ཡིག་སྐོགས་མེད་པའི་འཕྲིན་ཡིག་སོགས་ཡོད་པའི་ནང་འདྲ་པར་དང་། རི་མོ། ས་བཀྲ། ཡིག་སྐོགས་མེད་པའི་འཕྲིན་ཡིག་བཅས་4000ཙམ་ཚུད་ཡོད།
འབྲེལ་ཡོད་གསར་འགྱུར།