དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • བྷང་ག་ལ་ཕྱོགས་ཀྱི་མི་སྣས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལས་བྷང་ག་ལའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་པའི་ངོས་འཛིན་བྱེད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-09-25

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཏ་ཁ་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། “2025ལོའི‘རྒྱུད་གཅིག་ལམ་གཅིག’གི་གྲོས་འགོ་བྷང་ག་ལར་ལག་ལེན་བསྟར་བའི”འགྲེམས་ཚོགས་ཉེ་ཆར་བྷང་ག་ལའི་རྒྱལ་ས་ཏ་ཁ་རུ་འཚོཌ་ཤིང་། འགྲེམས་ཚོགས་འཚོགས་རིང་ཀྲུང་བྷང་ཕྱོགས་གཉིས་པོའི་སྲིད་གཞུང་གི་དཔོན་རིགས་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་། ཚོང་དོན་ལས་རིགས་ཀྱི་འཐུས་མི་སོགས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བྷང་ག་ལར་ལག་ལེན་བསྟར་བའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་པ་དང་། ཕྱོགས་གཉིས་པོའི་མཉམ་ལས་ལ་བར་མཐོངས་ཧ་ཅང་ཆེན་པོ་ཡོད་པའི་ངོས་འཛིན་བྱས་པ་རེད།

    འགྲེམས་ཚོགས་དེ་བྷང་ག་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་གཙོ་གཉེར་བྱས་པ་དང་། བྷང་ཀྲུང་མ་འཇོག་ཁེ་ལས་མཐུན་ཚོགས་ཀྱིས་སྒྲུབ་འགན་འཁུར་བ། ཀྲུང་བྷང་སོགས་རྒྱལ་ཁབ་ཀྱི་ཁེ་ལས་43ཞུགས་ཡོད། དེའི་ནང་རྨང་གཞིའི་སྒྲིག་བཀོད་དང་། གློག་ཤུགས་ནུས་རྒྱུ། དངུལ་རྩ། ཚན་རྩལ་སོགས་ཁྱབ་ཁོངས་ཚུད་ཡོད། བརྗོད་དོན་གཙོ་བོའི་གླེང་སྟེགས་གཉེར་བ་སོགས་ཀྱི་བྱ་ཐབས་བརྒྱུད“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བྷང་ག་ལར་མཉམ་ལས་བྱས་པའི་གྲུབ་འབྲས་མངོན་ཡོད།

    གླིང་ཆེན་ལྔ་ནས་ཡོང་བའི་ཕྱི་རྒྱལ་གྱི་དབྱི་ཡོན་གྲོས་མི་60ལྷག་ཙམ་ཚུད་པའི་མི་260ལྷག་ཙམ་གླེང་སྟེགས་ལ་ཞུགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།