ཀྲུང་གོའི་མཚོ་དམག་གི“དར་ལམ་གྲུ་ཆེན”རྟགས་ཅན་གྱི་སྨན་ཁང་གྲུ་གཟིངས་ཀྱིས་ནོ་རུར་འཚམས་འདྲི་ཐེངས་དང་པོ་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཡ་རུན་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་19ཉིན་གྱི་སྔ་དྲོར“འཆམ་མཐུན་འགན་འཁྲི། 2025ལོ”ཡི་ལས་འགན་སྒྲུབ་མཁན་ཀྲུང་གོའི་མཚོ་དམག་གི“དར་ལམ་གྲུ་ཆེན”རྟགས་ཅན་གྱི་སྨན་ཁང་གྲུ་གཟིངས་ལས་འགན་སྒྲུབ་སའི་ས་ཚིགས་དང་པོ་ནོ་རུར་འབྱོར་ནས་དུས་ཡུན་ཉིན་7གྱི་མཛའ་གྲོགས་འཚམས་འདྲི་བྱེད་འགོ་ཚུགས་ཡོད། དེ་ནི་ཀྲུང་གོའི་མཚོ་དམག་གྲུ་གཟིངས་ཀྱིས་ནོ་རུར་འཚམས་འདྲི་བྱེད་ཐེངས་དང་པོ་རེད།
“དར་ལམ་གྲུ་ཆེན”རྟགས་ཅན་གྱིས་གཙོ་བོ་སྐམ་སའི་སྨན་བཅོས་ཁུལ་དང་སྨན་ཁང་གྲུ་གཟིངས་ཀྱི་ལས་སྟེགས་གཙོ་བོ་སྤྱད་དེ་ནད་པར་སྨན་བཅོས་ཞབས་ཞུ་མཁོ་འདོན་དང་། སྨན་བཅོས་རུ་ཁག་མང་པོ་ས་གནས་དེ་གའི་སྨན་ཁང་དུ་མཉམ་འབྲེལ་སྨན་བཅོས་དང་རིག་གཞུང་སྤེལ་རེས་བྱེད་པར་མངགས་པ། བདེ་ཐང་ཞབས་ཞུ་དང་རིག་གནས་མཐུན་འབྲེལ་ཡན་ལག་རུ་ཁག་སྒྲིག་འཛུགས་བྱས་ནས་སྡེ་ཁུལ་དང་སློབ་གྲྭར་བསྐྱོད་དེ་སྲོལ་རྒྱུན་གྱི་ཀྲུང་ལུགས་གསོ་རིག་རིག་གནས་འགྲེམས་སྟོན་དང་བདེ་ཐང་གསོ་རིག་ཤེས་བྱ་སློབ་ཁྲིད་བྱེད་པ། འཐབ་རྨས་སྐྱོབ་བཅོས་ཡན་ལག་རུ་ཁག་ནོ་རུའི་ཉེན་རྟོག་སྡེ་ཚན་དུ་བསྐྱོད་ནས་མྱུར་སྐྱོབ་བྱ་ཐབས་སྤེལ་རེས་བཀོད་སྒྲིག་བཅས་བྱེད་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།