མཚོ་སྔོན་གྱི་སྐྱེ་ཁམས་རྣམ་གྲངས་ལ་དངུལ་བུན་གཏོང་བའི་ཐོགས་མེད་བགྲོད་ལམ་བཏོད་པ།
“གླིང་གི་ཁེ་ལས་མང་ཆེ་བར་རང་ཉིད་ཀྱི‘ཐཱན་རྩིས་ཐོ’ཡོད”ཅེས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནན་ཁྲོན་བཟོ་ལས་གླིང་གི་ལི་ཧའོ་ཕྱེད་འདྲེན་ཐཱན་འབུད་དོ་དམ་པ་ལི་ཞའོ་ཅིང་གིས་བཤད་པ་དང། ཁོང་ལས་ཀ་དེ་བྱས་ནས་ལོ་གསུམ་ལྷག་ཙམ་འགྲོ་གི་ཡོད། ཁོང་གི་ཉིན་རེའི་ལས་ཀ་གཙོ་བོ་ནི་ཁེ་ལས་ཀྱི་ཐོན་སྐྱེད་བརྒྱུད་རིམ་ཁག་གི་ཐཱན་འབུད་དང་ཁེ་ལས་ཀྱིས་ཐཱན་འབུད་ཉུང་གཏོང་དོན་འཁྱོལ་བྱས་ཚུལ་ལ་དབྱེ་ཞིབ་བྱ་རྒྱུ་དེ་རེད། “དེ་སྔ་གློག་སྤྱོད་ཚད་ལ་གཞིཌ་ནས་ཚོད་དཔག་རཌ་ཙམ་ལས་ཐུབ་ཀྱི་མེད། འོན་ཀྱང་ད་ཆ་ལྗང་མདོག་གློག་གི་ཁུངས་འདེད་མ་ལག་ཡོད་པས་མེ་གློག་ག་ཚོད་དང་ནུས་རྒྱུ་གཙང་མ་ག་ཚོད་སྤྱད་མིན་གསལ་པོ་ཤེས་ཀྱི་ཡོད་པས་རྩིས་ཐོ་ཧ་ཅང་གསལ་པོ་ཡོད”ཅེས་ལི་ཞའོ་ཅིང་གིས་བཤད།
“ལག་རྩལ་སྒྱུར་བཀོད་ཀྱི་བརྒྱུད་རིམ་ནང་། ‘ཐཱན་རྩིས་ཐོར’བརྟེན་ནས་སྲོལ་རྒྱུན་ཁེ་ལས་ལ་ཚད་གཞི་མི་འདྲ་བའི་དངུལ་རྩའི་ཞབས་ཞུའི་གཟིགས་སྐྱོང་ལོངས་སུ་སྤྱོད་རྒྱུ་བྱུང་བ་དང་། ཐཱན་འབུད་ཉུང་གཏོང་དང་ནུས་རྒྱུ་གྲོན་ཆུང་དང་ལག་རྩལ་སྒྱུར་བཀོད་ཀྱི་ལམ་བུར་སྐྱོད་པར་སྐུལ་འདེད་གཏོང་བའི་སྒུལ་ཤུཌ་དེ་བས་ཆེ་རུ་སོང་ཡོད”ཅེས་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་དངུལ་རྩ་ཞིབ་འཇུག་ཁྲུའུ་ཡི་ཁྲུའུ་ཀྲང་ལི་ཡ་ཆི་ཡིས་བཤད་པ་དང་། ཁོང་གིས་ད་ལོའི་ཟླ་བདུན་པའི་ཟླ་མཇུག་བར། མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་ཁེ་ལས་921གིས“ཐཱན་རྩིས་ཐོ”བཟོས་པ་དང་དངུལ་རྩའི་སྒྲིག་གཞིས་རིམ་རྩིས་བརྒྱབ་ན“ཐཱན་རྩིས་ཐོའི”
མིང་ཐོག་ནས་དངུལ་བུན་སྒོར་དུང་ཕྱུར་321.69བཏང་བས་ཁེ་ལས་ལ་ཁྱོན་བསྡོམས་སྐྱེད་ཀའི་འགྲོ་སོང་སྒོར་དུང་ཕྱུར་2.43གྲོན་ཆུང་ཐུབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
“དངུལ་ཁང་དང་ཁེ་ལས་དབར་གྱི་འབྲེལ་ཟམ་སྐྲུན་ཆེད་ང་ཚོས་སྔ་རྗེས་སུ་དངུལ་རྩས་ནུས་རྒྱུ་གཙང་མ་དང་ལྗང་མདོག་རྩིས་ནུས་ཐོན་ལས་ལ་རྒྱབ་སྐྱོར་བྱེད་པའི་འབྲེལ་མཐུད་ཚོགས་འདུ་ཐེངས་6འཚོགས་པ་ཡིན” ཧྲན་ཁྲེང་དབྱིན་གྱིས“འབྲེལ་མཐུད་ཚོགས་འདུའི་གཙོ་གནད་ནི་དངུལ་རྩའི་སྒྲིག་གཞིར་མཚོ་སྔོན་ཞིང་ཆེན་གྱི་ནུས་རྒྱུ་གཙང་མ་དང་ལྗང་མདོག་རྩིས་ནུས་ཁེ་ལས་ཀྱི་དཀར་ཆག་འོས་སྦྱོར་བྱས་ཏེ། དངུལ་ཁང་ཁག་གིས་ཡིད་རྟོན་དངུལ་བུན་དང་། རྐང་དབང་གི་མ་དངུལ་བསྡུ་སྒྲིལ། དངུལ་རྩ་འགན་ལེན་སོགས་དངུལ་རྩའི་ཐོན་རྫས་སྤྱོད་པར་ཁྲིད་སྟོན་བྱས་ནས་རྒྱུན་འཁོར་ཧྲིལ་པོར་ནུས་རྒྱུ་གཙང་མ་དང་ལྗང་མདོག་རྩིས་ནུས་ཁེ་ལས་འཚར་ལོངས་ཡོང་བར་གཡས་གཞོགས་གཡོན་འདེགས་བྱེད་རྒྱུ་དེ་རེད”ཅེས་ངོ་སྤྲོད་བྱས་པ་རེད།
“ད་ལོའི་དུས་ཚིགས་གཉིས་པའི་དུས་མཇུག་བར་ནུས་རྒྱུ་གཙང་མའི་ཐོན་ལས་ཁྲོད་ཀྱི་སྒྲིག་ཆས་བཟོ་སྐྲུན་དང་། སྒྲིག་བཀོད་འཛུགས་སྐྲུན་དང་གཉེར་སྐྱོང་། ཆུ་འཐེན་ནུས་གསོག་གློག་ཁང་འཛུགས་སྐྲུན་བཅས་ཁག་གསུམ་ཁོ་ནར་ཡིད་རྟོན་དངུལ་བུན་གྱི་ལྷག་གྲངས་དུས་མཚུངས་ལས་40.5%དང་། 22.1% 34.7%བཅས་སོ་སོར་འཕར་ནས‘ཐིགས་གཏོང་ཕན་འབྲས’སྔར་བས་ཆེ་རུ་ཕྱིན་ཡོད”ཅེས་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གི་ཧང་ཀྲང་ཀྲའེ་ཞང་དབྱི་ཡིས་ངོ་སྤྲོད་བྱས་པ་རེད།
2024ལོར་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་སྣེ་ཁྲིད་ནས《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཐོན་རྫས་དངུལ་རྩའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་ཇུས་གཞི》བཏོན་ནས་སྐྱེ་ཁམས་རྣམ་གྲངས་ལ་དངུལ་བུན་གཏོང་བའི་ཐོགས་མེད་བགྲོད་ལམ་བཏོད་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད། ཉེ་བའི་ལོ་ཤས་རིང་། མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་དངུལ་ཁང་ཁག་ལ་དངུལ་རྩའི་ཐོན་རྫས་གསར་གཏོད་བྱེད་པར་ཁྲིད་སྟོན་བྱས་ནས། ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་མ་འོངས་པའི་གྲོན་དངུལ་བསྡུ་དབང་དེ་བསྡུ་དགོས་པའི་དངུལ་གྱི་གཏའ་འཇོག་ཏུ་བྱས་ཏེ། སྐྱེ་ཁམས་ཡུལ་སྐོར་རིན་ཐང་གིས་འབྱུང་འགྱུར་བསྡུ་དགོས་པའི་རྩིས་དངུལ་གང་མགྱོཌ་དངུལ་སྨར་དུ་འགྱུར་བར་མཐུན་རྐྱེན་སྦྱོར་བའི་རྣམ་པ་གསར་གཏོད་བྱས་ཤིང་། མཚོ་སྔོན་པོ་ཡུལ་སྐོར་ཚོགས་པ་ཚད་ཡོད་ཀུང་སི་སོགས་ཁེ་ལས་ལ་རིམ་རྩིས་བརྒྱབ་ན་དངུལ་བུན་ཐེངས་གྲངས་20བཏང་བར་བསྡོམས་དངུལ་སྒོར་དུང་ཕྱུར་11.77ཟིན་ཡོད་པ་རེད།
ད་ལོའི་དུས་ཚིགས་གཉིས་པའི་དུས་མཇུག་བར་མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར་2131.05ཟིན་པ་དེས་དངུལ་བུན་ཁག་གི་ལྷག་གྲངས་ཀྱི་26.82%བཟུང་བ་དེ་ལོ་འགོ་དང་བསྡུར་ན་སྒོར་དུང་ཕྱུར་99.36མང་དུ་ཕྱིན་ཡོད། “མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་ལྗང་མདོག་དངུལ་རྩའི་སྲིད་ཇུས་ཀྱི་སྒྲོམ་གཞི་དང་ལྕག་སྐུལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་དང་ལྗང་མདོག་དངུལ་རྩའི་ཐོན་རྫས་མ་ལག་ཕུན་སུམ་ཚོགས་སུ་བཏང་སྟེ་སྲོལ་རྒྱུན་གྱི་ཐོན་ལས་ཕྱོཌ་སྒྱུར་རིམ་སྤོར་དང་། ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན། ལྗང་མདོག་རྩིས་ནུས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བཅས་ལ་ལྗང་མདོག་དངུལ་རྩའི་གསོན་ཤུགས་བསྣན་ཡོད”ཅེས་ཀྲའེ་ཞང་དབྱི་ཡིས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།