དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་མཚོ་ཤར་གྱི་སྤྱི་བདེས་ལས་དོན་སྒྲུབ་སྟངས་གསར་པར་བརྟེན་ནས་དུས་བདེ་སྲུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-09-25

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་གསར་འགོད་པར་མཚོ་ཤར་གྲོང་ཁྱེར་སྤྱི་བདེ་ཅུས་ནས་ཤེས་རྟོགས་བྱུང་བར། མཚོ་ཤར་གྱི་སྤྱི་བདེས“བཙན་ཐབས་ཁྲིམས་སྒྱུར”དང“འཇམ་ཐབས་བཅོས་སྐྱོང”ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། འགལ་ཟླ་དང་རྩོད་གཞི་སེལ་བའི་རྨ་ཆུ་དང་ཙོང་ཆུའི་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་རྟགས་རབ་དང་རིམ་པ་ནུས་ཤུགས་ཡོད་རྒུས་བཏོད་དེ་ཁྲིམས་སྐྱོང་གི་དྲོ་སྐྱིད་ལ་བརྟེན་ནས་དམངས་འཚོའི་རེ་བ་བསྐངས་ཏེ་དུས་བདེ་སྲུང་བའི་ལམ་བུར་སྐྱོད་བཞིན་ཡོད།

    ཉེ་བའི་ལོ་ཤས་རིང་། མཚོ་ཤར་གྱི་སྤྱི་བདེས་འགོག་རྡུང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས“གཱ་གཉིས”དང་འབྲེལ་བ་ཡོད་པའི་རིགས་ཀྱི་གློག་འཕྲིན་ཁ་བསླུས་ཀྱི་གྱོད་གཞི་16རྩད་ཆོད་ནས“དུས་བདེའི་ཧྥེང་ཆའོ་ཉེན་དོན་སྒྲོག་འགྲེལ་རུ་ཁག”བཙུགས་ཏེ་ཞིང་ནང་དང་མུ་ཁ་དང་། སློབ་གྲྭ དེ་བཞིན་སྡེ་ཁུལ་དུ་བསྐྱོད་པ་དང་། གྱོད་དཔེ་དྲངས་ནས་ཁྲིམས་ལུགས་བཤད་པས་གློག་འཕྲིན་ཁ་བསླུས་གྱོད་གཞི་ཐོན་ཚད་ལོ་གཉིས་བསྟུད་མར་ཆག་ཡོད། ཁྱིམ་ཚང་གཏུམ་སྤྱོད་ལ་དམིགས་ནས་2024ལོར་ཁྱིམ་ཚང་གཏུམ་སྤྱོད་ཀྱི་ཉེན་ཟོན་གནས་ཚུལ་གྱི་ཐག་གཅོད་བཀོད་སྒྲིག་ལས་དོན་གྱི་ཚད་གཞི་བཟོས་ཏེ་བཏོན་པ་མ་ཟད། དཔལ་འབྱོར་ཚོད་འཛིན་དང་། ཁྱིམ་ཚང་གི་གཏུམ་སྤྱོད། དྲ་རྒྱའི་གནོད་འཚེ་སོགས་ཀྱི་བྱེད་སྤྱོད་གསར་པ་ངེས་གཏན་གྱི་ཁྱབ་ཁོངས་ནང་བཅུག་པས་ཁྱིམ་ཚང་གཏུམ་སྤྱོད་ཀྱི་ཉེན་ཟོན་གནས་ཚུལ་གྱི་བསླབ་བྱའི་ཡི་གེ་འདོན་ཚད་100%ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།