ཆིང་ཧྭ་སློབ་ཆེན་གྱི་སློབ་ཚན《དུས་བབ་དང་སྲིད་ཇུས》ཞེས་པ་ལྷ་སར་ཁྲིད་པ།
ཉེ་ཆར་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་སྤྱི་འདོམས་མཐུན་སྦྱོར་བྱས་པ་དང་ཆིང་ཧྭ་སློབ་ཆེན་གྱིས་རྒྱབ་སྐྱོར་དུ་མཁོ་འདོན་བྱས་པའི་སློབ་ཚན《དུས་བབ་དང་སྲིད་ཇུས》ཞེས་པ་བོད་ལྗོངས་སློབ་ཆེན་ཝ་པ་གླིང་སློབ་ཁུལ་མར་ཁེ་སི་རིང་ལུགས་སློབ་གླིང་དུ་ཐད་གཏོང་གི་རྣམ་པ་ནས་ཐེངས་དང་པོ་ཁྲིད་ཅིང་། ལྷ་ས་གྲོང་ཁུལ་གྱི་མཐོ་སློབ་5ཡི་མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་དང་ཟུར་ཁྲིད་པའི་འཐུས་མི་70ཡིས། ཆིང་ཧྭ་སློབ་ཆེན་གྱི་ཏང་ཨུད་ཀྱི་ཧྲུའུ་ཅིས“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་སློབ་ཁྲིད་བྱས་པའི་སློབ་ཚན་གྱི་ནང་དོན་ལ་མཉམ་དུ་སློབ་སྦྱོང་བྱས་པ་རེད། ལྗོངས་ཡོངས་ཀྱི་མཐོ་སློབ་དང་མཐོ་རིམ་ལས་རིགས་ལག་རྩལ་སློབ་གྲྭ་དང་དེ་བཞིན་མཐོ་རིམ་ཆེད་ཚན་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་དང་ཟུར་ཁྲིད་པས་དུས་མཉམ་དུ་བལྟས་པ་རེད།
འབྲེལ་ཡོད་གསར་འགྱུར།