དབུ་ཤོག
  • ཐ་མག་འཐེན་སྐབས་ཡིད་གཟབ་བྱས་ན་བཟང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-09-25

    ཁྱེད་ཀྱིས་ཤེས་སམ། འཐེན་ཟིན་པའི་ཐ་མག་ཕྲུག་ལྷག་གི་མེ་མ་བསད་ཚེ་མུ་མཐུད་སྐར་མ་གཅིག་ནས་བཞི་བར་འབར་གྱི་ཡོད། གལ་སྲིད་ཕྲུག་ལྷག་དེ་གང་བྱུང་དུ་དབྱུགས་ཚེ་མེ་སྐྱོན་ཆེན་པོ་ཐོན་སྲིད། ཐ་མག་ལ་མེ་སྤར་རྗེས་ཕྱི་ངོས་ཀྱི་དྲོད་ཚད་ཧྲེ་ཧྲི་ཏུའུ་200ནས་300བར་དང་དཀྱིལ་གྱི་དྲོད་ཚད་ཧྲེ་ཧྲི་ཏུའུ་700ནས་800བར་ཡིན། དྲོད་ཚད་མཐོ་པོ་དེ་འདྲས་ཤོག་བུ་དང་། སྲིང་བལ། རྩྭ་རས་སོགས་ལ་མེ་འབར་སྲིད་པས་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཆེན་པོ་ཐོན་སྲིད།

    ཐ་མག་འཐེན་མཁན་ཚོར་ཞུ་རྒྱུར། མེ་སྐྱོན་མང་པོ་ཞིག་སྣང་ཆུང་དུ་སོང་བའི་བྱ་བ་ཚུང་ཙག་ནས་ཐོན་སྲིད་པས། ཐ་མག་འཐེན་སྐབས་ངེས་པར་དུ་གཤམ་གྱི་གནད་དོན་དེ་དག་ལ་ཡིད་གཟབ་བྱེད་དགོས་པ་སྟེ།

    གཅིག ཉལ་ཁྲིའམ་ཡང་ན་ཧྲ་ཧྥ་ཡི་སྟེང་ཉལ་ནས་ཐ་མག་འཐེན་མི་རུང་།

    གྲོགས་པོ་མང་པོ་ཞིག་ཉལ་ཁྲིའམ་ཡང་ན་ཧྲ་ཧྥ་ཡི་སྟེང་ཉལ་ནས་ཐ་མག་འཐེན་རྒྱུར་དགའ་མོད། ཡིན་ནའང་ཉལ་ཁྲི་དང་ཧྲང་ཧྥ་ལ་མེ་འབར་སླ་བས་གལ་སྲིད་ཐ་མག་ཕྲུག་ལྷག་གཟགས་ཚེ་དེ་དག་ལ་མེ་འབར་ནས་མེ་སྐྱོན་ཐོན་སྲིད་པས། ཉལ་ཁྲིའམ་ཡང་ན་ཧྲ་ཧྥ་ཡི་སྟེང་ཉལ་ནས་ཐ་མག་འཐེན་མི་རུང་།

    གཉིས། མེ་སྤྱོད་གཏན་འགོག་ཁུལ་དུ་ཐ་མག་འཐེན་མི་རུང་།

    ཐ་མག་བཀག་སྡོམ་ཁུལ་དུ་མེ་སྤྱོད་གཏན་འགོག་གི་ངོ་རྟགས་གསལ་པོ་ཡོད་པས། གལ་སྲིད་སྣུམ་སྣོན་ས་ཚིགས་དང་། བཀོལ་སྤྱོད་ཁང་། ནགས་རི་སོགས་སུ་ཐ་མག་འཐེན་པའམ་ཡང་ན་མེ་བཏང་ཚེ་མེ་སྐྱོན་ལས་འཛོལ་ཐོན་སྲིད་པས། ས་ཆ་ཁག་གི་ཐ་མག་བཀག་སྡོམ་ལམ་ལུགས་ནན་སྲུང་བྱེད་དགོས། གལ་སྲིད་ཐ་མག་འཐེན་དགོས་ཚེ་ངེས་པར་དུ་ཐ་མག་འཐེན་ཁུལ་དུ་སྐྱོད་དགོས།

    གསུམ། ར་བཟི་རྗེས་ཐ་མག་འཐེན་མི་རུང་།

    ཨ་རག་ཉིང་ཁུས་དབང་རྩར་གནོད་ནས་ར་བཟི་བའི་ཚོར་སྣང་ཞིག་སྐྱེས་སྲིད། ར་བཟི་རྗེས་རྒྱུན་དུ་རིག་པ་གསལ་པོ་མེད་པས་རྡར་ཤ་གཅོད་ནུས་ཆུང་དུ་འགྲོ་གི་ཡོད། སྐབས་དེར་གལ་སྲིད་ཐ་མག་འཐེན་ཚེ་མེ་རྦད་དེ་ཤི་མེད་པའི་ཐ་མག་ཕྲུག་ལྷག་གིས་ཉེ་འགྲམ་གྱི་འབར་སླ་བའི་དངོས་པོར་མེ་འབར་ཏེ་མེ་སྐྱོན་ཐོན་སྲིད་པས། ཚང་མས་ར་བཟི་ནས་རིག་པ་གསལ་པོ་མེད་སྐབས་ཐ་མག་འཐེན་མི་རུང་།

    བཞི། ཐ་མག་དུ་ཐལ་གང་བྱུང་དུ་རྡབ་པ་དང་མེ་འབར་བཞིན་པའི་ཐ་མག་གང་བྱུང་དུ་འཇོག་མི་རུང་།

    ཐ་མག་དུ་ཐལ་གྱི་དྲོད་ཚད་ཧ་ཅང་མཐོ་པོ་ཡོད་པས་གལ་སྲིད་འབར་སླ་བའི་དངོས་པོ་དང་འཕྲད་ཚེ་མེ་སྐྱོན་ཐོན་སྲིད་པས། ཐ་མག་དུ་ཐལ་གང་བྱུང་དུ་རྡབ་མི་རུང་ལ་མེ་འབར་བཞིན་པའི་ཐ་མག་དེ་བས་གང་བྱུང་དུ་འཇོག་མི་རུང་། ཐ་མག་འཐེན་སྐབས་ཐལ་ཕོར་ནང་དུ་ཐལ་རྡབ་པའམ་ཡང་ན་མེ་འབར་བཞིན་པའི་ཐ་མག་དེར་འཇོག་དགོས།

    ལྔ། ཐ་མག་ཕྲུག་ལྷག་གང་བྱུང་དུ་དབྱུགས་མི་རུང་།

    ཕྱི་རོལ་དུ་ཐ་མག་འཐེན་སྐབས་མི་འགའ་ཤས་ཀྱིས་མེ་འབར་བཞིན་པའི་ཐ་མག་ཕྲུག་ལྷག་གང་བྱུང་དུ་དབྱུགས་པ་སྟེ། དཔེར་ན་དེ་དག་རྩྭ་སྤུངས་པའམ་ཡང་ན་སྤོས་འགྱིག་བཟོས་རྫས་ཀྱི་ཉེ་འགྲམ་དུ་དབྱུགས་ཀྱི་ཡོད། གལ་སྲིད་ལྷགས་པ་བརྒྱབ་ཚེ་མེ་འབར་བཞིན་པའི་ཐ་མག་ཕྲུག་ལྷག་དེའི་ཐོག་གཟགས་ནས་མེ་སྐྱོན་ཐོན་སྲིད་པས། ཐ་མག་ཕྲུག་ལྷག་གང་བྱུང་དུ་དབྱུགས་མི་རུང་ལ། མེ་རྦད་དེ་ཤི་རྗེས་གཞི་ནས་གད་སྙིགས་བླུགས་སྒམ་ནང་བླུག་དགོས།

    (བོད་རང་སྐྱོང་ལྗོངས་མེ་སྐྱོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་མཁོ་འདོན་བྱས)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།