དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2025ལོའི“གཉིས་འགུགས་གཉིས་འདྲེན”གྱི་འོས་སྦྱོར་དང་གཅིག་སྡུད་གན་འཇོག་གི་ཚོགས་འདུ་ལྷ་སར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-09-25

    ཚེས་22ཉིན། 2025ལོའི“གཉིས་འགུགས་གཉིས་འདྲེན”གྱི་འོས་སྦྱོར་དང་གཅིག་སྡུད་གན་འཇོག་གི་ཚོགས་འདུ་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་བསྒྲོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ལིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ལའེ་ཅའོ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱི་ཚབ་ཞུས་ནས་ཚོགས་ཞུགས་སྐུ་མགྲོན་དང་དེ་བཞིན་བོད་སྐྱོར་ལས་བྱེད་ཤེས་ལྡན་པར་དགའ་བསུ་དང་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་རང་སྐྱོང་ལྗོངས་ཀྱིས་ཚོང་གཉེར་ཁོར་ཡུག་ལེགས་གཏོང་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། སྲིད་ཇུས་དང་བྱེད་ཐབས་སྦབ་ཆ་གཅིག་གནད་འཕིགས་ངང་འདོན་པ། ཤེས་ལྡན་པའི་ལྗོངས་སྟོབས་ཆེན་གྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བཅས་བྱས་ཏེ་མ་འཇོག་ཁེ་ལས་དང་རིགས་གཅིག་མཁས་ཅན་དང་ཤེས་ལྡན་པར་འཕེལ་རྒྱས་ཀྱི་བར་སྟོང་ཆེན་པོ་ཞིག་མཁོ་འདོན་བྱས་ཡོད། རྒྱ་ཆེའི་ཁེ་ལས་མཁས་ཅན་དང་རིགས་གཅིག་མཁས་ཅན་དང་ཤེས་ལྡན་པས་མཉམ་དུ་ལག་གདང་སྦྲེལ་ཏེ་དུས་རབས་ཀྱི་གོ་སྐབས་སྟངས་འཛིན་དང་འཕེལ་རྒྱས་ཀྱི་ཕན་པ་མཉམ་སྤྱོད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་པ་ཐུན་མོང་ཐོག་རྩོམ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོའི་གན་འཇོག་རྣམ་གྲངས་ཁག་47ལ་གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར་70.54ཟིན་པ་དང་། ཡོན་རམས་པའི་ཚོགས་པ་2དང་རིམ་མཐོའི་ཤེས་ལྡན་པ་མང་པོ་ཞིག་དང་གན་འཇོག་བྱས་པའི་ནང་ནུས་རྒྱུ་གཙང་མ་དང་། རིག་གནས་ཡུལ་སྐོར། ཁྱད་ལྡན་ཞིང་འབྲོག ལྗང་མདོག་བཟོ་ལས། སློབ་གསོ་སོགས་ཁྱབ་ཁོངས་མང་པོ་ཚུད་པས། དེས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་ཞིག་སྣོན་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།