ལྷ་སས་ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་བཏོད་ནས་གྲོང་གསེབ་དར་རྒྱས་ལ་མཐུན་རྐྱེན་སྦྱར་བ།
“འདམ་གཞུང་གི་འབྲི་གཡག”རྒྱལ་ཡོངས་ཀྱི་དཔེ་མཚོན་ལ་བདམས་པ།
ཉེ་ཆར། ཀྲུང་གོའི་སྤུས་ཚད(ནན་ཅིང)ཚོགས་ཆེན་གྱི“སྤུས་ཚད་བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས་འཛད་སྤྱོད་ཀྱི་གདེང་ཚོད་ཆེ་རུ་གཏོང་རོགས་བྱེད་པའི”ཆེད་དོན་ཚོགས་འདུར་རྒྱལ་ཡོངས་གྱི“ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་ཀྱི་ཡིད་རྟོན་བརྒྱུད་སྤྲོད་བྱས་ནས་འཛད་སྤྱོད་ཀྱི་གདེང་ཚོད་ཆེ་རུ་གཏོང་བའི”དཔེ་མཚོན་ཁག་20ཕྱི་ཕྱོགས་ལ་ཁྱབ་བསྒྲགས་བྱས་ཤིང་། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཞུ་འབུལ་བྱས་པའི“ཐོན་ཁུངས་ཀྱི་ལེགས་ཆ་དང་ཐོན་ལས་ཀྱི་ལེགས་ཆ་མཉམ་འདྲེས་ཀྱིས‘འདམ་གཞུང་གི་འབྲི་གཡག’ཐོན་རྫས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ”ཞེས་པ་དཔེ་མཚོན་གྱི་གྲས་སུ་ཚུད་ཡོད།
2024ལོའི་ཚུན་དུ། “འདམ་གཞུང་གི་འབྲི་གཡག”ཐོན་ལས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། ལོ་རེའི་ཕྱིར་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་10.6དང་ཕྱོགས་བསྡུས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་11.42ཟིན་ནས་དཔལ་འབྱོར་གྱི་ཕན་འབྲས་ཇེ་ཆེར་སོང་བ་དང་། མང་ཚོགས་ཁྲི་1.29ལྷག་ཙམ་འབྲོག་ལས་ལ་ཞུགས་རྒྱུར་ཐད་ཀར་སྐུལ་ཁྲིད་ཐུབ་ནས་ས་གནས་དཔལ་འབྱོར་གྱི“རང་བརྟེན་ནུས་པ”ཆེ་རུ་ནུས་ལྡན་ཕྱིན་ཏེ། འབྲོག་པ་ཚོར་འབབ་འཕར་དང་ས་གནས་ཀྱི་ཐོན་ལས་འཕེལ་རྒྱས་ཡོང་བར་སྒུལ་ཤུགས་ཆེན་པོ་བསྣན་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།