དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་ལོ་ལྕགས་ལམ་ནས་རིམ་རྩིས་བརྒྱབ་ན་ཟོག་འདྲེན་མེ་འཁོར་གཏོང་ཐེངས་ཁྲི་6ལྷག་ཙམ་དང་འགྲུལ་སྐྱེལ་མེ་འཁོར་གཏོང་ཐེངས་ཁྲི་8ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-09-24

    འདི་ནི་ཟླ་9ཚེས་21ཉིན་པར་བརྒྱབ་པའི་ཡུན་ནན་མོ་ཧན་འབབ་ཚུགས་ཀྱི་ཟོག་འདྲེན་མེ་འཁོར་ཡིན་པ།

    འདི་ནི་ཟླ་9ཚེས་20ཉིན་འགྲུལ་པ་ཡུན་ནན་ཕུའུ་ཨེར་འབབ་ཚུགས་སུ་མེ་འཁོར་ནང་འཛུལ་བཞིན་པ།

    གསར་འགོད་པས་ཀྲུང་གོ་ལྕགས་ལམ་ཁུན་མིང་ཅུས་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཀྲུང་ལོ་ལྕགས་ལམ་ཤར་གཏོང་ཐུབ་ནས་འཁོར་སྐྱོད་བྱས་ཚུན། ཟླ་9ཚེས་19ཉིན་བར། ལམ་ཐིག་ཧྲིལ་པོར་རིམ་རྩིས་བརྒྱབ་ན་ཟོག་འདྲེན་མེ་འཁོར་གཏོང་ཐེངས་ཁྲི་6ལྷག་ཙམ་དང་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་6760ལྷག་ཙམ་ཟིན་པ་དེའི་ནང་རྒྱལ་སྒྲོལ་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་1500ལྷག་ཙམ་ཟིན་པ་དང་། ཟླ་9ཚེས་20ཉིན་བར། ཀྲུང་ལོ་ལྕགས་ལམ་ནས་འགྲུལ་སྐྱེལ་མེ་འཁོར་གཏོང་ཐེངས་ཁྲི་8ལྷག་ཙམ་ཟིན་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་5900ལྷག་ཙམ་ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།