དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཚན་རྩལ་འདེགས་སྐྱོར་ལས་ལོ་ལེགས་ཀྱི་རྣམ་པ་གསར་པ་མངོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཧོ་ཅོན།   |     སྤེལ་དུས།  2025-09-24

    རི་མོ་ལྟར་དུ་མཛེས་པའི་ཞིང་ས་གཤིན་པོར་གླུ་ལེན་གར་འཁྲབ་ཀྱིས་ལོ་ལེགས་ལ་རྟེན་འབྲེལ་ཞུས་ཤིང་། ལོ་གཅིག་དུས་གཅིག་གི་ལོ་ལེགས་དུས་ཆེན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱ་ཆེའི་ཞིང་པ་དང“ཞིང་གསུམ” འཐབ་ཕྱོགས་སུ་ལས་ཀ་བྱེད་བཞིན་པའི་བློ་མཐུན་ཚོར་དུས་ཆེན་གྱི་རྟེན་འབྲེལ་དང་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་ཕྱོགས་སུ་གོམ་སྟབས་མགྱོགས་སུ་གཏོང་དགོས་ན་གཙོ་བོ་ཞིག་ནི་ཞིང་ལས་ཚན་རྩལ་གྱི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་རྒྱུར་ཐུག་ཡོད་པ་རེད།

    ཐན་པ་དང་ཆུ་ལོག་སོགས་ཀྱི་རང་བྱུང་གནོད་འཚེའི་ཤུགས་རྐྱེན་མདུན་དུ། འདི་ལོ་ཇི་ལྟར་བྱས་ནས་དབྱར་འབྲུའི་ཐོན་འབབ་བརྟན་པོ་དང་སྔ་སྨིན་འབྲས་ལ་ཐོན་འཕར་མངོན་འགྱུར་ཐུབ་ནས་འབྲུ་རིགས་ལ་སླར་ཡང་ལོ་ལེགས་ཡོང་བ་བྱེད་དགོས། མུའུ་དུང་ཕྱུར་10ལྷག་ཙམ་གྱི་ཚད་གཞི་མཐོ་བའི་ཞིང་ནང་ནས་མཉམ་འབྲེལ་བརྔ་བསྡུའི་འཕྲུལ་འཁོར་ཁྲི་80ལྷག་ཙམ་གྱིས་དབྱར་འབྲུ་མྱུར་བསྡུ་བྱེད་པའི་བར་དང་། “བྱེ་ཐང་འབྲུ་འདེབས” ནས“གྲངས་གཞིའི་འབྲུ་འདེབས”བར་ཚན་རྩལ་གསར་གཏོད་ཀྱི་འགྱུར་ཚད་གཙོ་བོས་ཞིང་ལས་ཐོན་སྐྱེད་ཀྱི་གཙོ་རྒྱུ་ཀུན་འདུས་དང་། བརྒྱུད་རིམ་ཧྲིལ་པོ། འཁོར་འབྲེལ་ཧྲིལ་པོ་བཅས་གཏོད་བཞིན་ཡོད། མིག་སྔར་རང་རྒྱལ་གྱི་ཞིང་ལས་ཚན་རྩལ་ཡར་ཐོན་གྱིས་ལེགས་སྐྱེས་འབུལ་ཚད་63.2%ཟིན་ཡོད་པ་རེད།

    རྒྱལ་ཁབ་ཆེན་པོའི་འབྲུ་མཛོད་བརྟན་པོ་དང་ཀྲུང་གོའི་འཚོ་རྟེན་བརྟན་དུ་གཏོང་བར་ངེས་པར་དུ་ལག་རྩལ་ལ་བརྟེན་དགོས། རིག་ནུས་ཅན་གྱི་དྲོད་ཁང་ནང་ལྗང་གསོ་དང་ཚན་རྩལ་ཆེད་མངགས་པ་གཤམ་སྐྱོད་ལ་སོགས། ལག་རྩལ་གསར་པ་དང་། བྱེད་སྟངས་གསར་པ། སྒྲིག་ཆས་གསར་པ་བཅས་ཞིང་ནང་དུ་མགྱོགས་མྱུར་སྤྱད་དེ་ཡུལ་བབ་དང་བསྟུན་ནས་ཞིང་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་ཕྱོགས་བསྡུས་ཀྱི་ཐོན་སྐྱེད་ནུས་པ་ཆེ་རུ་ཧུར་ཐག་བཏང་ཚེ། འབྲུ་རིགས་བདེ་འཇགས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ཐུབ་པ་དང“ཞིང་གསུམ”གྱི་རྨང་གཞི་བརྟན་དུ་ཕྱིན་ནས་ཡངས་ཤིང་རྒྱ་ཆེ་བའི་ཞིང་ས་གཤིན་པོར་ལོ་ལེགས་ཀྱི་རྣམ་པ་གསར་པ་ཞིག་མངོན་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།