2025ལོའི་སན་ཡའི་ཀྲུང་གོ་དང་ཨུ་རུ་སུའི་སྒྱུ་རྩལ་བརྩམས་ཆོས་སྤེལ་རེས་འགྲེམས་སྟོན་སྐབས་གཉིས་པ་གཉེར་བ།
ཉེ་ཆར། སན་ཡ་CBDརིག་དངོས་སྒྱུ་རྩལ་ལྟེ་གནས་སུ་སན་ཡ་གྲོང་ཁྱེར་རྒྱལ་སྤྱིའི་རིག་གནས་སྤེལ་རེས་ལྟེ་གནས་དང་སན་ཡ་CBDརིག་དངོས་སྒྱུ་རྩལ་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པའི“རྒྱུད་གཅིག་ལམ་གཅིག”སྒྱུ་རྩལ་མཉམ་འབྲེལ་འགྲེམས་སྟོན་དང་2025ལོའི་སན་ཡའི་ཀྲུང་གོ་དང་ཨུ་རུ་སུའི་སྒྱུ་རྩལ་བརྩམས་ཆོས་སྤེལ་རེས་འགྲེམས་སྟོན་སྐབས་གཉིས་པ་འགོ་ཚུགས་ཤིང་། ད་རེས་ཀྱི་འགྲེམས་སྟོན་དེ་ཟླ་9ཚེས་28ཉིན་བར་སྤེལ་རྒྱུ་ཡིན་ལ། དེའི་དམིགས་ཡུལ་ནི་ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་ཀྱི་རིག་གནས་སྒྱུ་རྩལ་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་གྱི་མཛའ་གྲོགས་ཟབ་ཏུ་གཏོང་བ། སྒྱུ་རྩལ་མཁས་ཅན་དབར་འབྲེལ་ཟམ་འཛུགས་པ། སྒྱུ་རྩལ་མཁས་ཅན་གྱི་ཁྱད་དུ་འཕགས་པའི་གསར་རྩོམ་གྱི་གྲུབ་འབྲས་འགྲེམས་སྟོན་བཅས་བྱ་ཆེད་རེད། འདི་ནི་ཧའེ་ནན་ཞིང་ཆེན་སན་ཡ་CBDརིག་དངོས་སྒྱུ་རྩལ་ལྟེ་གནས་སུ་ལྟ་སྐོར་བས་ཀྲུང་གོ་དང་ཨུ་རུ་སུའི་སྒྱུ་རྩལ་བརྩམས་ཆོས་ལ་མྱོང་རོལ་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།