གསར་གཏོད་སྐུལ་སྤེལ་སྒུལ་ཤུགས་སུ་གྱུར་ཏེ་བོད་ཀྱི་ཁྲོམ་འགྲེམས་ཀུང་སི་འཕེལ་རྒྱས་མགྱོགས་སུ་ཕྱིན་པ།
ད་ལོའི་ལོ་སྟོད་དུ་རིམ་རྩིས་བརྒྱབ་ན་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་273.23བྱུང་བ།
ད་ལོའི་ལོ་སྟོད་དུ་བོད་ཀྱི་ཁྲོམ་འགྲེམས་ཀུང་སིར་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་ཅིང་། གྲངས་གཞི་ལས་མངོན་པར། རང་ལྗོངས་ཀྱི་ཁྲོམ་འགྲེམས་ཀུང་སི་22ལ་རིམ་རྩིས་བརྒྱབ་ན་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་273.23བྱུང་བ་དེ་དུས་མཚུངས་ལས་6.02%འཕར་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་5.92མཐོ་བ་ཡོད། ཀུང་སི་ཨ་མར་བདག་པའི་ཁེ་བཟང་ངོ་མ་སྒོར་དུང་ཕྱུར་37.18ཟིན་པ་དེ་དུས་མཚུངས་ལས་11.80%འཕར་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་9.25མཐོ་བ་བྱུང་སྟེ། འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་བཞིན་ཡོད་པ་རེད།
དེའི་ནང་། སྐྱེ་དངོས་སྨན་རྫས་ཁེ་ལས་ཀྱི་འཕེལ་རྒྱས་རྣམ་པ་མངོན་གསལ་དོད་པོ་ཡོད་ཅིང་། ལོ་སྟོད་དུ་སྐྱེ་དངོས་སྨན་རྫས་ཀུང་སི་ཁག་8ལ་ཁེ་སྤོགས་བཟང་པོ་བྱུང་བ་དང་ཀུང་སི་ཁག་7ལ་དུས་རྒྱུན་རང་བཞིན་གྱི་ཁེ་གྱོང་མ་ཡིན་པའི་ཆ་འཐེན་རྗེས་ཀྱི་ཁེ་བཟང་ངོ་མ་དུས་མཚུངས་ལས་འཕར་ནས། ལས་རྗེས་ཧྲིལ་པོར་སྐུལ་ཁྲིད་བྱེད་པའི་སྟོབས་ཤུགས་གལ་ཆེན་ལ་གྱུར་ཡོད།
བོད་ལྗོངས་ཁྲོམ་འགྲེམས་ཀུང་སིས་ཞིབ་འཇུག་གསར་སྤེལ་ལ་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས“གསར་གཏོད་མཐོ་སའི”ཕྱོགས་སུ་མགྱོགས་པོ་འཕེལ་རྒྱས་འགྲོ་བཞིན་ཡོད། ལོ་སྟོད་དུ་ཁེ་ལས་ཁག་22ཀྱིས་རིམ་རྩིས་བརྒྱབ་ན་ཞིབ་འཇུག་གསར་སྤེལ་ལ་འགྲོ་གྲོན་སྒོར་དུང་ཕྱུར་11.25བཏང་བ་དེ་དུས་མཚུངས་ལས་22.69%འཕར་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ཀྱི་ལྡབ་གཉིས་ཙམ་ཟིན་གྱི་ཡོད། དེའི་ནང་། ཀུང་སི་ཁག་4ཡི་ལོ་ཕྱེད་ཀྱི་ཞིབ་འཇུག་གསར་སྤེལ་འགྲོ་གྲོན་ཚང་མ་སྒོར་དུང་ཕྱུར་1ལྷག་ཙམ་ཟིན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་མགྱོགས་མྱུར་ཆགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།