དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངའ་རིས་ཀྱི་རི་མ་ཐང་གི་རྐང་འཁོར་འགྲན་སློང་འགྲན་བསྡུར་སྐབས་ལྔ་པ་ཐུགས་གྲ་ལེགས་འགྲིག་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-24

    འདི་ནི་འགྲན་བསྡུར་བྱེད་འགོ་ཚུགས་པ་དང་སྦྲགས་འགྲན་ཞུགས་པ་ཚོ་ཐོན་འགོ་ཚུགས་པ།

    ཟླ་9ཚེས་21ཉིན། མངའ་རིས་ཀྱི་རི་མ་ཐང་གི་རྐང་འཁོར་འགྲན་སློང་འགྲན་བསྡུར་སྐབས་ལྔ་པ་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ཧོར་ཤང་དུ་ཐུགས་གྲ་ལེགས་འགྲིག་བྱུང་བ་རེད།

    ད་ཐེངས་ཀྱི་འགྲན་བསྡུར་ནང་སྐྱེས་པའི་རི་མ་ཐང་གི་རྐང་འཁོར་འགྲན་བསྡུར་དང་། བུད་མེད་ཀྱི་རི་མ་ཐང་གི་རྐང་འཁོར་འགྲན་བསྡུར། རི་མ་ཐང་གི་རྐང་འཁོར་ཚོགས་པའི་འགྲན་བསྡུར་བཅས་ཡོད་ཅིང་། འགྲན་ལམ་ལ་ས་བབ་སྨི་4700ཡས་མས་ཟིན་པ་དང་། མ་ཕམ་གཡུ་མཚོའི་མཚོ་སྐོར་ལམ་དང་གངས་རིན་པོ་ཆེའི་རི་གཤམ་དུ་སྐོར་བའི་འགྲན་ལམ་བཟོས་ཡོད། འགྲན་ཞུགས་པ་ཚོས་ཧོར་གྲོང་རྡལ་ནས་ཐོན་ཏེ་མ་ཕམ་གཡུ་མཚོ་བསྐོར་ནས་བྱིའུ་ཡི་མཐའ་ཐིག་བར་གྱི་ལམ་ཐག་ཧྲིལ་པོར་སྤྱི་ལེ་62ཙམ་ཡོད་པ་རེད།  སྐབས་འདིའི་འགྲན་སློང་འགྲན་བསྡུར་ལ་འགྲན་ཞུགས་པ་70དང་རྐང་འཁོར་རུ་ཁག་10ཞུགས་ཡོད་པ་རེད།

    འགྲན་རྩོད་ཛ་དྲག་པོ་བྱས་མཐར་རྒྱལ་མཚན་ནོར་བུ་དང་། བསོད་ནམས་རྡོ་རྗེ། བུ་ཆུང་ཚེ་རིང་བཅས་ལ་རི་མ་ཐང་རྐང་འཁོར་འགྲན་སློང་གི་སྐྱེས་པའི་མི་སྒེར་གྱི་འགྲན་བསྡུར་གྱི་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་སོ་སོར་ཐོབ་པ་དང་། པད་མ་གཡང་སྐྱིད་དང་། ངག་དབང་ཆོས་སྒྲོན། འཆི་མེད་གསལ་སྒྲོན་བཅས་ལ་རི་མ་ཐང་རྐང་འཁོར་འགྲན་སློང་གི་བུད་མེད་ཀྱི་མི་སྒེར་གྱི་འགྲན་བསྡུར་གྱི་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་སོ་སོར་ཐོབ་པ། བོད་ལྗོངས་གཡག་རྐང་འཁོར་རུ་ཁག་དང་། རྒྱལ་རྩེ་དཔའ་བོའི་གྲོང་གི་རྐང་འཁོར་རུ་ཁག ཞང་ཞུང་ལམ་འགྲོ་བའི་རྐང་འཁོར་རུ་ཁག་དང་པོ་བཅས་ལ་རི་མ་ཐང་རྐང་འཁོར་འགྲན་སློང་གི་ཚོགས་པའི་འགྲན་བསྡུར་གྱི་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་སོ་སོར་ཐོབ་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོར་མངའ་རིས་ཀྱི་རི་མ་ཐང་གི་རྐང་འཁོར་འགྲན་སློང་འགྲན་བསྡུར་སྐབས་དང་པོ་གཉེར་བ་ནས་བཟུང་། ལོ་བདུན་རིང་འཕེལ་རྒྱས་བཏང་མཐར་རིམ་བཞིན་འཐུས་སྒོ་ཚང་དུ་དང་ཆེད་ལས་ཀྱི་སྤུས་རྟཌ་འགྲན་བསྡུར་ཞིག་ཏུ་འཕེལ་རྒྱས་ཕྱིན་ཡོད། ད་ཐེངས་ཀྱི་འགྲན་བསྡུར་ནི“གངས་ལྗོངས་ཀྱི་སྦས་ལུང་། ངོ་མཚར་ཆེ་བའི་སྤུ་ཧྲེང”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡིས་གཙོ་གཉེར་བྱས་པ་དང་། བོད་རང་སྐྱོང་ལྗོངས་ལུས་རྩལ་ཐོན་ལས་དང་སྒྲིག་བཀོད་གསར་སྤེལ་དོ་དམ་ལྟེ་གནས་དང་། མངའ་རིས་ས་ཁུལ་སློབ་གསོ་ཅུས(ལུས་རྩལ་ཅུས)མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་གཉེར་འགན་ཁུར་བ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།