ནག་ཆུ་གྲོང་ཁྱེར་གྱིས“འབྲི་ཆུ་དང་རྨ་ཆུའི་ཆུ་འགོ”སྲུང་སྐྱོང་གླེང་སྟེགས་སྐབས་གཉིས་པ་གཉེར་བ།
ཚེས་22ཉིན། “གླིང་སྣེའི་ཁུལ་གྱི་རྩ་བ། འབྲི་ཆུ་དང་རྨ་ཆུའི་ཆུ་འགོ——སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་ལག་ལེན་བསྟར་ནས་སྐྱེ་ཁམས་བདེ་འཇཌ་སྲུང་བཅད་བརྟན་དུ་གཏོང་བ”བརྗོད་དོན་གཙོ་བོར་བྱས་པའི་ནག་ཆུ་གྲོང་ཁྱེར་གྱི“འབྲི་ཆུ་དང་རྨ་ཆུའི་ཆུ་འགོ”སྲུང་སྐྱོང་གླེང་སྟེགས་སྐབས་གཉིས་པ་བདེ་བླག་ངང་གཉེར་ཞིང་། རིཌ་གཅིག་མཁས་ཅན་དང་མཁས་དབང་14ཡིས་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་བྱ་ཐབས་བརྒྱུད་ནག་ཆུ་གྲོང་ཁྱེར་གྱི“འབྲི་ཆུ་དང་རྨ་ཆུའི་ཆུ་འགོ”སྲུང་སྐྱོང་ལས་དོན་ལ་དམིགས་ནས། རང་བྱུང་གནོད་འཚེ་འགོག་བཅོས་དང་། ཆུ་བོ་དང་མཚོ་མོའི་སྐྱེ་ཁམས་སླར་གསོ། ཆུའི་ཐོན་ཁུངས་ཀྱི་སྒྲིག་བཀོད་ལེཌ་གཏོང་སོགས་ཀྱི་གླེང་གཞིར་ཞིབ་བསྡུར་གཏིང་ཟབ་བྱས་ཐོག ས་མཐོའི་དོན་དངོས་དང་འཚམ་པ་དང་དམིཌ་སའི་རང་བཞིན་ཆེ་བའི་ཁ་གཏད་གཅོག་ཐབས་ཀྱི་གྲོས་འགོ་རབ་དང་རིམ་པ་བཏོན་ཏེ། སྐྱེ་ཁམས་སྲུང་སྐྱོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ཇུས་ཆེན་མཉམ་དུ་བཀོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ནག་ཆུ་ནི“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”གི་ལྟེ་བའི་ཁུལ་དུ་གནས་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཀྱི་འགག་རྩའི་གྲུབ་ཆ་ཞིག་རེད། དེ་ཡང་འབྲི་ཆུ་དང་། རྒྱལ་མོ་རྔུལ་ཆུ། རྫ་ཆུ་སོགས་ཀྱི་གཙང་པོ་དང་ཆུ་བོ་ཆེན་པོའི་ཆུ་འགོ་ཡིན་པ་དང་། ཁོངས་གཏོགས་ཁུལ་དུ་ཆུ་བོ་2549འཕྲེད་གཞུང་སྣོལ་མར་གནས་ཤིང་། མཚོ་མོའི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་3ལྷག་ཙམ་ཟིན་པ་དེས་ལྗོངས་ཡོངས་ཀྱི་མཚོ་མོའི་རྒྱ་ཁྱོན་གྱི་81%ཟིན་པ་དང་། འཁྱགས་རོམ་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་6800ཟིན་པ་དང་ཆུའི་ཐོན་ཁུངས་ཀྱི་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་88ཟིན་པ། འདམ་རའི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་3.94ཟིན་པ་དེས་ལྗོངས་ཡོངས་ཀྱི་འདམ་རའི་རྒྱ་ཁྱོན་གྱི་45.84%ཟིན་པ། ལོ་མང་རིང་ཆ་སྙོམས་ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་369.96ཟིན་ནས་མི་རེའི་ཆ་སྙོམས་ཆུའི་ཐོན་ཁུངས་བསྡོམས་འབོར་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ཀྱི་ལྡབ་35ཟིན་པ་མ་ཟད། འབྲོང་དང་། གཙོད། གསའ་སོགས་རྩ་ཆེའི་རི་སྐྱེས་སྲོག་ཆགས་40ལྷག་ཙམ་དེར་འཚོ་གནས་བྱེད་ཀྱི་ཡོད།
ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་བས། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་3དང་། རང་སྐྱོང་ལྗོངས་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་4 རྒྱལ་ཁབ་སྤྱི་གླིང་1 རྒྱལ་ཁབ་ཀྱི་འདམ་རའི་སྤྱི་གླིང་6སོགས་བསྐྲུན་ཏེ། བང་རིམ་མང་བའི་སྲུང་སྐྱོང་བཀོད་པ་གྲུབ་ཡོད།
འབྲེལ་ཡོད་གསར་འགྱུར།