འགྲམ་འགག་སྒོས་ཐོངས་མཆན་མི་དགོས་པའི་ཨུ་རུ་སུའི་ཡུལ་སྐོར་བ་ཁག་དང་པོ་བསུས་པ།
ཟླ་9ཚེས་15ཉིན། ཀྲུང་གོས་ཨུ་རུ་སུའི་རྒྱལ་གྲོལ་ལམ་ཡིག་དཀྱུས་མ་ཡོད་མཁན་ལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་བཏོན་པ་དངོས་སུ་གོ་ཆོད་ཡོད། ཟླ་9ཚེས་18ཉིན། འགྲམ་འགག་སྒོས་ཐོངས་མཆན་མི་དགོས་པའི་ཨུ་རུ་སུའི་ཡུལ་སྐོར་བ་ཁག་དང་པོ་བསུས་པ་རེད།
ཉིན་དེའི་སྔ་དྲོའི་ཆུ་ཚོད་12པར་ཨུ་རུ་སུའི་ཁག་དང་པོའི་ཡུལ་སྐོར་བ་16གིས་འགག་སྒོ་སྒྲོལ་བའི་འགྲོ་ལུགས་ཁག་བདེ་བླག་ངང་གཉེར་རྗེས། འཛུམ་ཤིག་ཤིག་ངང་འགྲམ་འགག་སྒོའི་མཉམ་བཤེར་ཚོམས་ཆེན་ནས་བསྐྱོད་ཅིང་། གཉའ་ལམ་རྒྱལ་མཚམས་འཛུལ་གྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་ཁོ་ཚོར་ལས་ཕྱོད་ཆེ་བ་དང་། ཆེད་ལས། སྟབས་བདེ་བཅས་ཀྱི་འགག་སྒོ་སྒྲོལ་བའི་ཞབས་ཞུ་བསྒྲུབས་པ་མ་ཟད། དགའ་བསུ་ཞུ་བའི་མཛད་སྒོ་སྟབས་བདེ་ཞིག་ཀྱང་གཉེར་བ་རེད།
ཨུ་རུ་སུར་ཐོངས་མཆན་མི་དགོས་པའི་སྲིད་ཇུས་བོད་དུ་དོན་འཁྱོལ་བྱས་པ་དེས་ཨུ་རུ་སུའི་ཡུལ་སྐོར་བར་ཕྱིར་སྐྱོད་ཀྱི་གདམ་ག་མང་པོ་མཁོ་འདོན་བྱས་ཡོད་ལ། བོད་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལའང་སྐུལ་ཁྲིད་ནུས་ལྡན་ཐུབ་ནས། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་ཀྱི་མི་ཆོས་རིག་གནས་སྤེལ་རེས་དང་དམངས་ཁྲོད་མཛའ་གྲོགས་ལ་སྔར་བས་སྐུལ་འདེད་ཐེབས་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།