དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་རྩེའི་སྣམ་བུའི་ཚོན་རིས་འཆར་འགོད་བརྩམས་ཆོས་འགྲན་བསྡུར་ཆེན་མོ་སྐབས་དང་པོ་རྒྱལ་རྩེ་རྫོང་དུ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-24

    ཚེས་21ཉིན། རྒྱལ་རྩེའི་སྣམ་བུའི་ཚོན་རིས་འཆར་འགོད་བརྩམས་ཆོས་འགྲན་བསྡུར་ཆེན་མོ་སྐབས་དང་པོ་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་དུ་བྱས་ཤིང་། དེའི་དམིགས་ཡུལ་ནི་ཧྲང་ཧའེ་དང་བོད་ཀྱི་འཆར་འགོད་སྟོབས་ཤུགས་གཅིག་སྡུད་དང་སྣམ་བུའི་རིག་གནས་ཀྱི་ནང་དོན་སྔོག་འདོན་བྱས་ཏེ། ལོ་ངོ་སྟོང་གི་མངོན་མིན་རིག་གནས་ཤུལ་བཞག་གི་ལག་ཤེས་དེ་ཉིད་དེང་རབས་ཀྱི་མཛེས་དཔྱོད་དང་ཐོན་ལས་འཕེལ་རྒྱས་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འགྲན་བསྡུར་ཆེན་མོར“སྲོལ་རྒྱུན་གྱི་སྣམ་བུ། དེང་རབས་ཀྱི་མཛེས་རིག”བརྗོད་དོན་གཙོ་བོར་བྱས་ཏེ“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། ལག་གདང་སྦྲེལ་ནས་མཉམ་དུ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”འདུ་ཤེས་བཟུང་བས། འགྲན་བསྡུར་འགོ་ཚུགས་ཚུན་སྤྱི་ཚོགས་ལས་རིགས་ཁག་གི་དོ་ཁུར་རྒྱ་ཁྱབ་དང་ཁས་ལེན་ཆེན་པོ་ཐོབ་ཡོད།

    རྒྱལ་རྩེ་རྫོང་ཨུད་ཀྱི་རྒྱུན་ཨུ་དང་རྫོང་དཔོན་གཞོན་པ་ཀུའོ་པིན་པིན་གྱིས། ད་ཐེངས་ཀྱི་འགྲན་བསྡུར་ཆེན་མོ་གོ་སྐབས་སུ་བཟུང་ནས་སྣམ་བུའི་ཐོན་ལས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་དང་། ཤེས་ལྡན་པ་གསོ་སྐྱོང་། སྤུས་རྟགས་གཏོད་པ་བཅས་ཟུང་དུ་འབྲེལ་བར་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། གནའ་བོའི་ལག་ཤེས་དེ་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི“གསེར་གྱི་ལྡེ་མིག”དང་རིག་གནས་སྟོབས་ཆེན་རྫོང་གི“གསེར་གྱི་མིང་བྱང”ལ་འགྱུར་བར་བྱེད་ཀྱི་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།