དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མཚོ་བོད་ཚོགས་པ་ཀུང་སིས་བྱ་ཐབས་མང་པོ་སྤྱད་དེ་སློབ་གཉེར་ལམ་བུར་གཞོགས་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-24

    ཉེ་ཆར། གསར་འགོད་པར་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི(གཤམ་དུ“མཚོ་བོད་ཚོགས་པ་ཀུང་སི”ཞེས་བསྡུ་རྒྱུ)ནས་ཤེས་རྟོགས་བྱུང་བར། བོད་ཀྱི་སློབ་མའི་ཕྱིར་སྐྱོད་ཀྱི་དགོས་མཁོ་སྐོང་ཆེད། འདི་ལོ་ཚུན་དུ་རིམ་རྩིས་བྱས་ན་བོད་ཀྱི་སློབ་མར་ཚོགས་པའི་སྤ་སེ་ཁྲི་5.5ལྷག་ཙམ་བཙོངས་ནས་ས་མཐོའི་སློབ་མ་བདེ་འཇགས་ངང་ཕྱིར་སྐྱོད་ཐུབ་པའི་འགན་ལེན་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཟླ་བ་བརྒྱད་པར་ལྷ་ས་མེ་འཁོར་འབབ་ཚུགས་མདུན་གྱི་ཐང་ཆེན་སྒྱུར་བཀོད་ཟིན་ནས་སྤྱོད་འགོ་ཚུགས་པས་འགྲུལ་པ་འབབ་ཚུགས་སུ་འཛུལ་ནས་སྤ་སེ་ཞིབ་བཤེར་དང་མེ་འཁོར་སྒུག་རྒྱུ་དེ་བས་སྟབས་བདེ་རུ་ཕྱིན་ཡོད། ད་ལོའི་ཟླ་10ཚེས་1ཉིན་ནས་བཟུང་། ལྕགས་ལམ་སྐྱེལ་འདྲེན་གྱིས་གློག་རྡུལ་སྤ་སེ་ཕྱོགས་ཡོངས་ནས་སྤྱོད་འགོ་ཚུགས་པ་དང་བསྟུན་ནས་སློབ་མ་ཕྱིར་བསྐྱོད་རྒྱུ་དེ་བས་སྟབས་བདེ་རུ་འགྲོ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།