དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཁབ་ཀྱིས་སྒྲིག་འཛུགས་བྱས་པའི་སྨན་རྫས་གཅིག་སྡུད་ཉོ་སྒྲུབ་ཁག་བཅུ་གཅིག་པའི་ཡིག་ཆ་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-09-23

    ཚེས་20ཉིན། རྒྱལ་ཁབ་སྨན་རྫས་མཉམ་འབྲེལ་ཉོ་སྒྲུབ་གཞུང་དོན་ཁང་གིས་རྒྱལ་ཁབ་ཀྱིས་སྒྲིག་འཛུགས་བྱས་པའི་སྨན་རྫས་གཅིག་སྡུད་ཉོ་སྒྲུབ་ཁག་བཅུ་གཅིག་པའི་ཡིག་ཆ་ཁྱབ་བསྒྲགས་བྱས་པ་རེད། ཆ་འཕྲིན་ལས་མངོན་པར། ད་ཐེངས་གཅིག་སྡུད་ཉོ་སྒྲུབ་ཐོ་འགོད་ལས་དོན་ཟླ་བརྒྱད་པར་ལེགས་གྲུབ་ཟིན་པ་དང་བསྡོམས་རྩིས་བརྒྱབ་པ་བརྒྱུད་ད་ཐེངས་ཁྱོན་སྨན་རྫས་སྒྲིག་གཞི་46359ཐོ་འགོད་ནང་ཞུགས་ཡོད། སྨན་བཅོས་སྒྲིག་གཞིའི་ཐོ་འགོད་བྱེད་ཚད་ཁྲོད་77%གྱིས་བཟོ་གྲྭའི་སྒོ་བྱང་མིང་ཐོག་ནས་ཐོ་འགོད་བྱས་པ་དང་། 23%གྱིས་ཡོངས་སྤྱོད་མིང་ཐོག་ནས་ཐོ་འགོད་བྱས་པ་རེད།

    ད་ཐེངས་ཀྱི་སྨན་རྫས་གཅིག་སྡུད་ཉོ་སྒྲུབ་དེ་སྨན་རྫས་ལྟ་འདོམས་སྡེ་ཚན་དང་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱི་བསམ་འཆར་བསྡུ་ལེན་གང་ལེགས་བྱས་ཏེ་འདྲ་མཉམ་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་འོས་དཔོད་ཁེ་ལས་ཀྱི་སྤུས་ཚད་ཚོད་འཛིན་ཆུ་ཚད་ལ་བླང་བྱ་དེ་བས་མཐོ་བ་བཏོན་ཡོད།

    ནད་ཐོག་སྨན་བཅོས་ཀྱི་མཁོ་སྤྲོད་དེ་བས་ལེགས་པའི་འགན་ལེན་བྱེད་པ་དང་སྣ་མང་ཅན་གྱི་དགོས་མཁོ་སྐོང་ཆེད། ད་ཐེངས་ཀྱི་གཅིག་སྡུད་ཉོ་སྒྲུབ་ཐད་ས་ཁུལ་ཚང་མ་དང་ཐ་ན་སྨན་བཅོས་སྒྲིག་གཞི་ཚང་མར་བདམས་ཐོན་བྱུང་བའི་ཁེ་ལས་མང་པོ་ཞིག་གིས་སྨན་རྫས་མཁོ་འདོན་བྱེད་སྲིད། དེ་དང་ཆབས་ཅིག བདམས་ཐོན་བྱུང་བའི་འབྲས་བུ་ལག་ལེན་བསྟར་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་རེད། བདམས་ཐོན་བྱུང་བའི་ཁེ་ལས་དེ་མཁོ་སྤྲོད་འགན་ལེན་གྱི་འགན་འཁུར་བ་དང་པོར་བརྩིས་ནས་དུས་ཐོག་ཏུ་སྨན་བཅོས་སྒྲིག་གཞིའི་མངགས་ཐོ་དང་ལེན་བྱེད་པ་དང་འབྲེལ་སྡེབ་སྐྱེལ་བྱེད་དགོས་པ་དང་། སྨན་བཅོས་སྒྲིག་གཞིས་སྔོན་ལ་བདམས་ཐོན་བྱུང་བའི་ཐོན་རྫས་ཉོ་སྒྲུབ་བྱེད་པ་དང་གྲོས་མཐུན་གཞིར་བཟུང་ཁ་ཆད་ལྟར་ཉོ་སྒྲུབ་བྱེད་ཚད་ལེགས་སྒྲུབ་བྱེད་དགོས་པ་མ་ཟད། དུས་ཐོག་ཏུ་ཟོག་དངུལ་རྩིས་རྒྱག་པའི་འོས་འགན་ཡང་སྒྲུབ་དགོས། སྨན་བཅོས་འགན་སྲུང་སྡེ་ཚན་གྱིས་སྨན་བཅོས་སྒྲིག་གཞི་དང་བདམས་ཐོན་བྱུང་བའི་ཁེ་ལས་ཀྱི་གཅིག་སྡུད་ཐོག་ཉོ་སྒྲུབ་འབྲས་བུ་ལག་ལེན་བསྟར་བའི་གནད་དོན་ཚུར་ལེན་ཐབས་ལམ་ཤར་བགྲོད་ཐུབ་པར་བྱེད་པ་དང་། འབྲེལ་ཡོད་གནད་དོན་ལ་ཞིབ་དཔྱད་བྱས་རྗེས་འོས་ཡིག་དང་། ཉོ་སྒྲུབ་གན་རྒྱ། དེ་བཞིན་འབྲེལ་ཡོད་སྲིད་ཇུས་ཀྱི་གཏན་འབེབས་ལྟར་བྱེད་ཐབས་སྤྱོད་རྒྱུ་རེད། ཉོ་སྒྲུབ་ཀྱི་དུས་འཁོར་ནང་བདམས་ཐོན་བྱུང་བའི་ཁེ་ལས་ཀྱིས་ལུགས་མཐུན་གྱི་རྒྱུ་མཚན་མེད་པར་དངོས་ཟོག་མཁོ་འདོན་གྱི་ཁས་ལེན་མ་བསྒྲུབས་པར་ནད་ཐོག་སྨན་བཅོས་ཐད་སྤྱོད་པར་ཤུགས་རྐྱེན་ཐེབས་ཚེ། གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ཏེ“སྒྲིག་འགལ་མིང་ཐོའི”ནང་བླུགས་ནས་བདམས་ཐོན་བྱུང་བའི་ཐོབ་ཐང་རྩིས་མེད་དུ་གཏོང་རྒྱུ་དང་འབྲེལ་དུས་ཡུན་ཟླ་བ་དྲུག་ནས་ལོ་ལྔའི་ནང་རྒྱལ་ཁབ་ཀྱིས་སྒྲིག་འཛུགས་བྱས་པའི་སྨན་རྫས་གཅིག་སྡུད་ཉོ་སྒྲུབ་བྱེད་སྒོར་ཞུགས་པའི་ཐོབ་ཐང་མེད་པར་བཟོ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།