ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བུད་མེད་ཀྱི་སྟོབས་ཤུགས་སྣོན་དགོས།
གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་འཚོག་ལ་ཉེ་བའི་སྐབས་སུ། 《དུས་རབས་གསར་པར་ཀྲུང་གོས་བུད་མེད་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ལག་ལེན་དང་གྲུབ་འབྲས》ཀྱི་རྒྱབ་ཤ་དཀར་པོའི་དེབ་ཁྱབ་བསྒྲགས་བྱས་པ་དེ་ཐོག་ནས། དུས་རབས་གསར་པའི་ཀྲུང་གོའི་བུད་མེད་ཚོའི་ཕུལ་དུ་བྱུང་བའི་ཉམས་འགྱུར་དང་འགན་འཁྲི་འཁུར་སེམས་གསོན་ཉམས་དོད་པོས་མངོན་པར་བྱས་ཏེ། མི་དེ་བས་མང་བ་ཞུགས་པ་དང་ལེགས་སྐྱེས་འབུལ་བའི་ཁྲོད་གཟི་བརྗིད་ལྡན་པའི་མི་ཚེ་སྐྱེལ་རྒྱུའི་ལྕག་སྐུལ་བཏང་ཡོད་པ་རེད།
ཁོང་ཚོ་ནི་བྱ་གཞག་རླབས་ཆེན་འཛུགས་སྐྲུན་བྱེད་མཁན་རེད། ཧའེ་ནན་ཁྲང་ཅང་ལི་རིགས་རང་སྐྱོང་རྫོང་གི“ཤིང་འཛུགས་བུད་མེད་རུ་ཁག”གིས་མཚོ་སྲུང་ནགས་ཤིང་མུའུ་ཁྲི་3ལྷག་ཙམ་བཙུགས་ཡོད། ཚན་རྩལ་གསར་གཏོད་ཀྱི་འཐབ་ས་མདུན་མར་བུད་མེད་ཚན་རྩལ་ལས་དོན་པས་45.8%བཟུང་ཡོད། དུས་རབས་གསར་པར་འབད་འབུངས་མདུན་སྐྱོད་བྱེད་པར“བུད་མེད་ཀྱི་སྟོབས་ཤུགས”གཟེངས་སུ་ཐོན་ཡོད།
ཁོང་ཚོ་ནི་ཡ་རབས་གོམས་སྲོལ་དར་སྤེལ་གཏོང་མཁན་རེད། “མང་ཚོགས་ཀྱི་འདོད་བློ་སྐོང་མཁན་བུད་མེད་ལས་དོན་པ”སོགས་ཁྲོམ་གཞུང་དང་སྲང་ལམ་གང་སར་ཡོད་པ་དང་། བུད་མེད་དང་བླངས་པ་དང་བུད་མེད་དང་བླངས་ཞབས་ཞུ་རུ་ཁག་གིས་2024ལོར་དང་བླངས་ཞབས་ཞུའི་བྱེད་སྒོ་ཐེངས་ཁྲི་བརྒྱ་ཙམ་སྤེལ་བ་སོགས་སྤྱི་ཚོགས་བཅོས་སྐྱོང་དང་ཁྱིམ་ཚང་གི་འཚོ་བའི་ཁྲོད། “དཔའ་མོའི་ཉམས་བཟང”གི་ཐུན་མོང་མ་ཡིན་པའི་ནུས་པ་འདོན་བཞིན་ཡོད།
ཁོང་མོ་ཚོ་ནི་ཕུགས་འདུན་དོན་གཉེར་བྱེད་ཕོད་པའི་འབད་འཐབ་པ་རེད། ལུས་རྩལ་འགྲན་རར་གསེར་དངུལ་གྱི་རྟགས་མ་བླངས། མཁའ་སྐྱོད་ལས་དོན་ལ་ཞུགས་ནས་ཕུགས་འདུན་བསྒྲུབས་པ་སོགས“དཔའ་མོས་ཕུགས་འདུན་སྒྲུབ་པའི”གཏམ་རྒྱུད་རེ་རེ་ལས“བུད་མེད་ཚང་མར་མི་ཚེར་གཟི་བརྗིད་ལྡན་པ་དང་ཕུགས་འདུན་མངོན་འགྱུར་བྱེད་པའི་གོ་སྐབས་ཡོད་པ”ར་སྤྲོད་ནུས་ལྡན་ཐུབ་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འཕེལ་རྒྱས་གཏོང་བར་བུད་མེད་དང་ཁ་འབྲལ་ཐབས་མེད”ཅེས་བསྟན་གནང་ཡོད། རྒྱང་ལམ་གསར་པར་བུད་མེད་ལ་མཐུན་རྐྱེན་སྦྱོར་རྒྱུ་དང་བུད་མེད་ཀྱི་གསར་གཏོད་གསོན་ཤུགས་འཕེལ་བར་བྱ་རྒྱུ་ཟུང་འབྲེལ་བྱས་ཚེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བུད་མེད་ཀྱི་སྟོབས་ཤུགས་སྣོན་ཐུབ་ངེས་རེད།
འབྲེལ་ཡོད་གསར་འགྱུར།