དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཨའོ་མོན་གྱིས་རྒྱལ་སྟོན་གྱི་རིག་རྩལ་མཚན་ཚོགས་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-09-23

    ཤིན་ཧྭ་གསར་འགྱུར་ཁང་ཨའོ་མོན་ནས་ཟླ་9ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཨའོ་མོན་གྱི་ཚོགས་པ་གཙོ་བོ་13གྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི“མེས་རྒྱལ་ལ་མཉམ་དུ་བསྟོད་གླུ་འབུལ། འོད་སྟོང་རྒྱུན་མཐུད་བྱེད། ཨའོ་མོན་གྱི་ལས་རིགས་ཁག་གིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་76འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་མཚན་ཚོགས”ཚེས་20ཉིན་གྱི་དགོང་མོ་ཨའོ་མོན་རིག་གནས་ལྟེ་གནས་སུ་འཚོགས་ཏེ་མེས་རྒྱལ་དང་ཨའོ་མོན་ལ་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཞུས་པ་རེད།

    ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཚེན་ཧའོ་ཧུའེ་དང་། ཨའོ་མོན་དུ་བཅའ་སྡོད་ཀྲུང་དབྱང་ལས་ཁུངས་ཀྱི་འགན་འཁུར་བ། ཀྲུང་གོ་རིག་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་སོགས་མི་ཆིག་སྟོང་ཙམ་མཚན་ཚོགས་ལ་ཞུགས་ཡོད།

    མཚན་ཚོགས་ནི་ཨའོ་མོན་དུ་བཅའ་སྡོད་ཀྲུང་དབྱང་སྲིད་གཞུང་གི་འབྲེལ་གཏུག་གཞུང་ལས་ཁང་དྲིལ་བསྒྲགས་རིག་གནས་པུའུ་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་རིག་གནས་ཅུས་ཀྱིས་མཛུབ་ཁྲིད་བྱས་པ་དང་། ཨའོ་མོན་ལེན་ཧྭ་བརྙན་འཕྲིན་ལས་ཁུངས་དང་། ཀྲུའུ་ཧའེ་འཁྲབ་སྟོན་ཚོགས་པ། ཧྥུའུ་ཅན་སྒྱུ་རྩལ་ལས་རིགས་སློབ་གླིང་བཅས་ཀྱིས་ཐུན་མོང་ཐོག་གཉེར་འགན་འཁུར་བ། ཨའོ་མོན་གྱི་ཚོགས་པ་དང་། མཉམ་སྡེབ། སློབ་གྲྭ་བཅས་33ནས་ཡོང་བའི་འཁྲབ་སྟོན་པ་262འཁྲབ་སྟོན་ལ་ཞུགས་ཏེ་ཉེ་བའི་ལོ་ཤས་རིང་ཨའོ་མོན་གྱི་རིག་གནས་སྒྱུ་རྩལ་ལས་རིགས་ཀྱིས་གསར་རྩོམ་བྱས་པའི་ཕུལ་བྱུང་ལེ་ཚན་མང་པོ་མཉམ་དུ་འཁྲབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།