དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དར་གོས་ལམ་བུའི(ཏུན་ཧོང)རྒྱལ་སྤྱིའི་རིག་གནས་འགྲེམས་ཚོགས་སྐབས་བརྒྱད་པ་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-09-23

    ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་ཟླ་9ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་21ཉིན་དར་གོས་ལམ་བུའི(ཏུན་ཧོང)རྒྱལ་སྤྱིའི་རིག་གནས་འགྲེམས་ཚོགས་སྐབས་བརྒྱད་པ་ཀན་སུའུ་ཞིང་ཆེན་ཏུན་ཧོང་གྲོང་ཁྱེར་དུ་གཉེར་འགོ་ཚུཌ་ཤིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་དང་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐེ་ཉིང་འགོ་ཚུགས་མཛད་སྒོར་ཞུགས་ནས་བཞེད་དོན་གཙོ་བོའི་གཏམ་བཤད་སྤེལ་བ་རེད།

    སྐབས་འདིའི་རིག་གནས་འགྲེམས་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི“རིག་གནས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་དགོས”ཞེས་པ་དེ་ཡིན་པ་དང་། ཀྲུང་ཕྱིའི་སྐུ་མགྲོན་1000ལྷག་ཙམ་འགོ་ཚུགས་མཛད་སྒོ་དང་། མཇལ་འཕྲད་གྲོས་མོལ། སྐུ་མགྲོན་གལ་ཆེན་གྱིས་འགྲེམས་ཁང་ལ་ལྟ་སྐོར། རིག་གནས་འགྲེམས་སྟོན། རིག་རྩལ་འཁྲབ་སྟོན། ཞིབ་སྦྱོང་སྤེལ་རེས། ཚོང་འགུགས་མ་འདྲེན་སོགས་རིགས་ཆེ་གྲས་7གྱི་བྱེད་སྒོ་17ལ་ཞུགས་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།