“སི་ཁྲོན་རིམ་མཚུངས་མཉམ་འགྲན”འགོ་ཚུགས་པ།
འགོ་ཚུགས་འགྲན་བསྡུར་ནང་ཁྲེང་ཏུའུ་རུ་ཁག་ལ་རྒྱལ་ཁ་ཆེན་པོ་ཐོབ་པ།
ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་9ཚེས་20ཉིན་གློག་འཕྲིན་འབྱོར་གསལ། 2025ལོ་ནས་2026ལོའི་བར་གྱི་སི་ཁྲོན་ཞིང་ཆེན་གྱི་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་རིམ་མཚུངས་མཉམ་འགྲན(“སི་ཁྲོན་རིམ་མཚུངས་མཉམ་འགྲན”ཞེས་བསྡུ་རྒྱུ)ཁྲེང་ཏུའུ་ཧྲོང་ལིའུ་ལུས་རྩལ་ལྟེ་གནས་སུ་འགོ་ཚུགས་པ་རེད། ཉིན་དེའི་དགོང་མོའི་འགོ་ཚུགས་འགྲན་བསྡུར་ཁྲོད། བདག་རེས་ཡིན་པའི་ཁྲེང་ཏུའུ་ཅིན་ཁྲེང་རུ་ཁག་གིས་འགྲན་སྟོད་ལ་སྤོ་ལོ་4བླུགས་ཏེ་མཐར་6:0གྱི་ཐོག་ནས་སུའེ་ཉིང་རུ་ཁག་ལས་རྣམ་པར་རྒྱལ་ཏེ“བཀྲ་ཤིས་འགོ་ཚུགས”བྱུང་ཡོད་པ་རེད།
ཉིན་དེའི་དགོང་མོར། སྤོ་ལོ་དབྱིངས་པ་21000ལྷག་ཙམ་ཁྲེང་ཏུའུ་ཧྲོང་ལིའུ་ལུས་རྩལ་ལྟེ་གནས་སུ་འཛོམས་ནས“སི་ཁྲོན་རིམ་མཚུངས་མཉམ་འགྲན”འགོ་ཚུགས་པར་བདེན་དཔང་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།