“དེང་རབས་ཅན་འཕེལ་རིམ་ཁྲོད་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མའི”རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
ཉེ་ཆར། “དེང་རབས་ཅན་འཕེལ་རིམ་ཁྲོད་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མའི”རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གོ་དང་། དབྱིན་ཇི། ཧན་གོ ཐུར་ཁེ་སོགས་རྒྱལ་ཁབ་དང་ས་ཁུལ་37གྱི་ཀྲུང་གོར་བཅའ་སྡོད་གཞུང་ཚབ་དང་། སྲིད་གཞུང་གི་དཔོན་རིགས། རིགས་གཅིག་མཁས་ཅན་དང་མཁས་དབང་། ཁེ་ལས་ཀྱི་འཐུས་མི། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་བཅས་བསྡོམས་མི་200ལྷག་ཙམ་གྱིས་ཐོན་སྐྱེད་ནུས་ཤུགས་གསར་མའི་རིགས་པའི་གཞུང་ལུགས་འཚོལ་ཞིབ་དང་། སྲིད་ཇུས་ལག་ལེན། རྒྱལ་སྤྱིའི་ཉམས་མྱོང་བཅས་ལ་དམིགས་ཏེ་སྤེལ་རེས་རྒྱ་ཁྱབ་ངང་བྱས་ནས“ལག་གདང་སྦྲེལ་ཏེ་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གསར་པ་སྐྱེད་སྲིང་བྱེད་པའི”གྲོས་འགོ་ཐུན་མོང་ཐོག་བཏོན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་མཛུབ་ཁྲིད་བྱས་པ་དང་། ཀྲུང་གོ་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་དང་། ཀྲུང་གོ་གཞི་ཆེའི་དཔལ་འབྱོར་ཞིབ་འཇུག་ཁང་། ཧེའར་ཚོགས་པ་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་ཞིག་རེད།
འབྲེལ་ཡོད་གསར་འགྱུར།