དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ལ་ཏིང་མེ་གླིང་གི་མཐོ་རིམ་འགོག་སྲུང་ལས་དོན་གླེང་སྟེགས་སྐབས་དྲུག་པ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-09-23

    ཉེ་ཆར། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་མཐོ་རིམ་འགོག་སྲུང་ལས་དོན་གླེང་སྟེགས་སྐབས་དྲུག་པ་པེ་ཅིང་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་འཚོགས་པ་རེད། སྐབས་འདིའི་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི“ལས་དབང་མཉམ་གནས། མཉམ་ལས་མཉམ་ཕན”ཞེས་པ་ཡིན་པ་དང་། ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་18ཀྱི་འགོག་སྲུང་སྡེ་ཚན་དང་དམག་དཔུང་གིས་མངགས་པའི་འཐུས་མི་གླེང་སྟེགས་ལ་ཞུགས་པ་དང་། རྒྱལ་སྲུང་པུའི་པུའུ་ཀྲང་ཏུང་ཅུན་གླེང་སྟེགས་ལ་ཞུགས་ནས་བཞེད་དོན་གཙོ་བོའི་གཏམ་བཤད་སྤེལ་བ་རེད།

    ཏུང་ཅུན་གྱིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་ཚོགས་པའི་མཐུན་སྒྲིལ་དང་། འཕེལ་རྒྱས། ཤེས་དཔལ། ཞི་བདེ། དམངས་སེམས་བཅས་ཀྱི་འདུ་འགོད་ཆེན་པོ་ལྔ་འཛུགས་རྒྱུའི་གྲོས་འགོ་བཏོན་ནས་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འབྲེལ་བ་འཕེལ་རྒྱས་གཏོང་བར་འཐབ་ཇུས་ཀྱི་མཛུབ་ཁྲིད་མཁོ་འདོན་གནང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལ་ཏིང་མེ་གླིང་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་བྱ་རྒྱུ་སྣེ་ཁྲིད་དུ་བྱེད་པ་དང་། ཞི་བདེའི་འདུ་འགོད་འཛུགས་སྐྲུན་བྱ་རྒྱུ་གཙོ་རྐང་དུ་བཟུང་སྟེ། ཞི་བདེ་འཕེལ་རྒྱས་ཀྱི་བྱ་གཞག་ལ་གཞོལ་བ་དང་། འདྲ་མཉམ་གཉིས་ཕན་གྱི་རྩ་དོན་མཐའ་འཁྱོངས་བྱེད་པ། སྒོ་འབྱེད་བསྟུན་མཁས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། ཕུགས་ལ་དམིགས་ནས་འཆར་འགོད་བཀོད་སྒྲིག་བྱེད་པ། དངོས་སྒྲུབ་བྱ་སྤྱོད་ཀྱི་ཁྲིད་སྟོན་འཛུགས་པ། ཕན་ཚུན་ཡིད་ཆེས་ཆེན་པོ་དང་། སྟབས་བསྟུན་དངོས་སྒྲུབ། མཉེན་ཤུགས་དེ་བས་ཆེ་བ། དེ་བས་དམ་ཟབ་བཅས་ཀྱི་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འགོག་སྲུང་འབྲེལ་བ་ཧུར་ཐག་འཛུགས་པ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་བདེ་འཇགས་མཉམ་ལས་ཀྱི་དཔེ་མཚོན་བཏོད་ནས། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།