མི་ཚང་མར་གེགས་མེད་ཞབས་ཞུ་སྤྱོད་དབང་ཡོད་པའི་ གླེང་མོལ་ཚོགས་འདུ་རི་ནེ་ཝ་རུ་འཚོགས་པ།
རི་ནེ་ཝ་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། རི་ནེ་ཝ་རུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཚོགས་པས་སུའེ་ཙེར་རི་ནེ་ཝའི་དབན་གོ་ཕོ་བྲང་དུ་མི་ཚང་མར་གེགས་མེད་ཞབས་ཞུ་སྤྱོད་དབང་ཡོད་པའི་གླེང་མོལ་ཚོགས་འདུ་འཚོགས་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝ་དོན་གཅོད་ཁྲུའུ་དང་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་ཏུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཁྲེན་ཞུས་ཀྱིས་བཞེད་དོན་གཙོ་བོའི་གཏམ་བཤད་གནང་ཞིང་། ཁོང་གིས་ཀྲུང་གོའི་གེགས་མེད་འཛུགས་སྐྲུན་འདུ་ཤེས་ཀྱི་ལག་ལེན་ངོ་སྤྲོད་གནང་བ་དང་། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རང་ངོས་འཕེལ་རྒྱས་དེ་མིའི་རིགས་འཕེལ་རྒྱས་ཀྱི་གནས་ཚད་མ་ལག་ནང་བཞག་ནས་འཛམ་གླིང་གི་གེགས་མེད་བྱ་གཞག་འཕེལ་རྒྱས་ཆེད་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་མཁོ་འདོན་ཧུར་ཐག་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་དང་། འཕེལ་རྒྱས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། ཁྲིམས་སྐྱོང་འགན་སྲུང་མཐའ་འཁྱོངས། མཉམ་ལས་གཉིས་ཁེ་མཐའ་འཁྱོངས་བཅས་བྱས་ཏེ། ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་གེགས་མེད་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་འདོད་ཚུལ་འཛིན་གྱི་ཡོད་ཅེས་གསུངས་པ་རེད།
གླེང་མོལ་ཚོགས་འདུ་འཚོག་ཡུལ་དུ་ད་དུང་འབྲེལ་ཡོད་བརྙན་ལམ་བསྟན་ནས་ཀྲུང་གོས་བཙུགས་པའི་དྲག་སྐྱེད་སློབ་ཆེན་ངོ་སྤྲོད་བྱས་པ་དང་། ཀྲུང་གོས་བདེ་ཐང་ཀྲུང་གོར་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་དངོས་སྒྲུབ་བྱ་ཐབས་དང་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་གེགས་མེད་འཛུགས་སྐྲུན་གྱི་ཆེད་དོན་གྲོས་ཆོད་ལ་གྲོས་འཆམ་བྱུང་བའི་རྣམ་པ་བསྟན་པ་རེད།
འབྲེལ་ཡོད་གསར་འགྱུར།