ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབུས་རྒྱུད་རྒྱལ་ཁབ་ཀྱི་རིག་མཛོད་བགྲོ་གླེང་ཚོགས་འདུ་ཁོང་ཀོ(ཅིན)རུ་འཚོགས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁེན་ཧྲ་ས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབུས་རྒྱུད་རྒྱལ་ཁབ་ཀྱི་རིག་མཛོད་བགྲོ་གླེང་ཚོགས་འདུ་ཁོང་ཀོའི(ཅིན)རྒྱལ་ས་ཁེན་ཧྲ་ས་རུ་འཚོགས་པ་རེད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབུས་རྒྱུད་རྒྱལ་ཁབ་7གྱི་དཔོན་རིགས་དང་དེ་བཞིན་ཁེ་ལས་དང་། རིག་མཛོད། སྨྱན་སྦྱོར་གྱི་འཐུས་མི་སོགས་མི་200ལྷག་ཙམ་གྱིས“2024ལོའི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་གྲོས་བསྡུར་བྱས་པ་རེད།
ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབུས་རྒྱུད་རྒྱལ་ཁབ་ཀྱི་རིག་མཛོད་བགྲོ་གླེང་ཚོགས་འདུ་ཁོང་ཀོའི(ཅིན)ཙུང་ཐུང་ལས་ཤག་འོག་ཏུ་བཙུགས་པའི་ཙུང་ཐུང་འཐབ་ཇུས་ལྟ་ཞིབ་ཨུ་ལྷན་དང་ཁོང་ཀོ(ཅིན)རུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་མཉམ་དུ་གཉེར་བ་ཞིག་རེད། ཚོགས་ཞུགས་འཐུས་མིས་ད་དུང“སྤུས་ཚད་མཐོ་པོས‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན”དང“བཟོ་ལས་དང་། ནུས་རྒྱུ། ཞིང་ལས། དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྐུལ་འདེད་གཏོང་བ”སོགས་ཀྱི་གྲོས་དོན་ལ་དམིགས་ནས་གྲོས་བསྡུར་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།