ལྗོངས་ཏང་ཨུད་རྩ་འཛུགས་པུས།
《བོད་རང་སྐྱོང་ལྗོངས་ཀྱི“ཇོ་རིའི་ཤེས་ལྡན་པའི་གཱ”ཡི་དོ་དམ་ཞབས་ཞུའི་བྱ་ཐབས(ཚོད་ལྟའི་ལག་བསྟར)》ལ་ཞིབ་འཇུག་བྱས་པ།
ཚེས་19ཉིན་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་ཚོགས་འདུ་འཚོགས་ནས《བོད་རང་སྐྱོང་ལྗོངས་ཀྱི“ཇོ་རིའི་ཤེས་ལྡན་པའི་གཱ”ཡི་དོ་དམ་ཞབས་ཞུའི་བྱ་ཐབས(ཚོད་ལྟའི་ལག་བསྟར)》ལ་ཞིབ་འཇུག་བྱས་ཏེ“གསོ་སྐྱོང་དང་། ནང་འདྲེན། བཀོལ་སྤྱོད། གཞིས་ཆགས”བཅས་ཀྱི་འཁོར་འབྲེལ་ཧྲིལ་པོའི་ཤེས་ལྡན་པའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་བཀོད་སྒྲིག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ལའེ་ཅའོ་ཡིས། ཤེས་ལྡན་པ་ནི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་རྒྱུ་རྐྱེན་གཙོ་བོ་དང་པོ་དང་། བོད་སྐྱོང་དང་། བོད་བརྟན། བོད་དར་བཅས་ཀྱི་ཐོན་ཁུངས་དང་པོ་རེད་ཅེས་གསུངས། ཁོང་གིས། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བཏོན་པའི་ཤེས་ལྡན་པའི་ལྗོངས་སྟོབས་ཆེན་གྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། “ཇོ་རིའི་ཤེས་ལྡན་པའི་གཱ”ཡི་དོ་དམ་ཞབས་ཞུའི་བྱ་ཐབས་གཏན་འཁེལ་བྱས་ནས་ལག་བསྟར་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ། སྤྱི་ཚོགས་ཡོངས་སུ་ཤེས་ལྡན་པར་བརྩི་བཀུར་དང་ཤེས་ལྡན་པར་དགའ་ཞེན་གྱི་རྣམ་པ་ཟབ་མོ་གཏོད་པ་བཅས་བྱས་ཏེ། ཤེས་ལྡན་པས་བོད་དུ་བློ་བདེ་པོས་ལས་ཀ་བྱེད་པ་དང་། འཚོ་བ་སྐྱིད་པོ་སྐྱེལ་བ། བློ་གཅིག་སེམས་གཅིག་གིས་འཕེལ་རྒྱས་དོན་གཉེར་བཅས་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། “ཇོ་རིའི་ཤེས་ལྡན་པའི་གཱ”ལ་རང་མིང་འགོད་ལམ་དང་སྟབས་བསྟུན་དོ་དམ་བྱ་རྒྱུ་ཡིན་ཞིང་། རང་མོས་རེ་ཞུ་དང་། ཐོག་མའི་ཞིབ་བཤེར། ཐོབ་ཐང་གཏན་འཁེལ། ཞིབ་བཤེར་གཱ་སྤྲོད་བཅས་ཀྱི་གོ་རིམ་བརྒྱུད་རེ་ཞུ་བྱེད་ཆོག གཱ་བདག་མཁན་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་མཁན“ཁང་གཉིས”ཀྱི་ཡོན་ཧྲི་དང་། རྒྱལ་ཁབ་རིམ་པའམ་ཡང་ན་རྒྱལ་ཁབ་པུའུ་ཨུད་ཀྱི་ཤེས་ལྡན་པའི་འཆར་གཞིས་རྒྱབ་སྐྱོར་བྱེད་པའི་སྣེ་ཁྲིད་རིམ་པའི་རྣམ་གྲངས་ཀྱི་ཤེས་ལྡན་པ། རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའ་དང་གཞོན་ནུའི་ཚན་རྩལ་བྱ་དགའ་སོགས་ཐོབ་མཁན། ཇོ་རིའི་སྣེ་ཁྲིད་པ་དང་འཐབ་ཇུས་ཤེས་ལྡན་པ་སོགས་རིགས་17གྱི་རིམ་པ་མཐོ་བའི་ཤེས་ལྡན་པ་རེད། གཱ་བདག་མཁན་གྱིས་གོ་ཆོད་དུས་ཡུན་ནང་གཱ་འཁྱེར་ནས་སྨན་བཅོས་བདེ་སྲུང་དང་། ཡུལ་སྐོར་ཞབས་ཞུ། འགྲིམ་འགྲུལ་ཞབས་ཞུ། དངུལ་རྩའི་ཞབས་ཞུ། སྡོད་ཁང་འགན་སྲུང་ཞབས་ཞུ། འཚོ་བའི་ཞབས་ཞུ་སོགས་འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་ཆོག རང་སྐྱོང་ལྗོངས་ཏང་ཨུད་ཤེས་ལྡན་པའི་གཞུང་དོན་ཁང་གིས་སྣེ་ཁྲིད་དེ་དབྱིངས་ཞུགས་རྣམ་པ་དང་ཉམས་ལེན་རྣམ་པའི་ཤེས་ལྡན་པའི་སྲིད་ཇུས་དོན་འཁྱོལ་གྱི་རྗེས་འདེད་ལྟ་སྐུལ་ཞིབ་བཤེར་བྱས་ཏེ། བྱ་ཐབས་སྣ་མང་མཉམ་སྤྱོད་ཀྱིས་ཤེས་ལྡན་པའི་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།