སྤྱོད་ཚུལ་ཡག་ཏུ་ཕྱིན། དམངས་སེམས་བདེ་ལ་འཁོད།
ལས་བྱེད་པའི་སྤྱོད་ཚུལ་ཡག་མིན་གྱི་གནད་འགག་དེ་བྱ་སྤྱོད་ལ་ལྟ་དགོས། གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་གི་འགན་གཙང་ལེན་མཁན་ལས་བྱེད་པས་གེགས་རྗེས་བསྐྱར་སྐྲུན་གྱི་ལས་ཡུལ་དངོས་སུ་ཉལ་ཁང་སྤོས་པ་དེ་ནི་བྱ་སྤྱོད་དཀྱུས་མ་ཞིག་ཡིན་ནའང་དེའི་ནང་སྤྱོད་ཚུལ་འཛུགས་སྐྱོང་གི་འགྱུར་ལྡོག་ཆེན་པོ་འདུས་ཡོད། “ཁ་པར་ནས་བཀོད་སྒྲིག་བྱེད་པ”ནས་ལས་ཡུལ་དངོས་སུ་ལས་སྒྲུབ་བྱེད་པའི་བར་དང་། ཞུ་བཅར་དུ་ཡོང་མཁན་ལ་སྣེ་ལེན་ཞུ་བ་ནས་རང་འགུལ་ངང་གཤམ་སྐྱོད་བྱེད་པའི་བར། ལས་བྱེད་པ་ཚོས་གང་སར་སྐྱོད་པའི་སྙིང་སྟོབས་ལ་བརྟེན་ནས་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་ཉིན་མཚན་དབྱེར་མེད་བརྟན་སྲུང་བྱས་ནས་དམངས་འདོད་ལ་བརྡ་ལན་ཞུས་ཏེ། “གཞུང་དོན་སྒྲུབ་པའི་སྒྲོག་ཙེ”མང་ཚོགས་ཡོད་སར་སྤོ་བ་དང“བཀོད་འདོམས་པུའུ”ལས་ཡུལ་དངོས་སུ་བཙུགས་པ་དངོས་སུ་མངོན་འགྱུར་བྱུང་ཡོད།
མཚན་གུང་དུ་སྤར་བའི་སྒྲོམ་ཁང་གི་གློག་སྒྲོན་དེས་དུས་རབས་གསར་པའི་ལས་བྱེད་པའི་དགོས་ངེས་ཀྱི་འགན་འཁྲི་འཁུར་སེམས་མངོན་ཡོད། འགན་གཙང་ལེན་མཁན་ལས་བྱེད་པ་གཉིད་ཁུག་དཀའ་བའི་སྒྲོམ་ཁང་ནང་ཉལ་ཚེ་གཞི་ནས་མང་ཚོགས་ཀྱི་དཀའ་ངལ་དངོས་སུ་ཚོར་ཐུབ། འཕྲུལ་ཆས་ཀྱི་ལྡིར་སྒྲའི་ཁྲོད་འགལ་བ་འདུམ་སྒྲིག་བྱས་ཚེ་གཞི་ནས་གནད་དོན་གྱི་འགག་རྩ་གནད་ལ་འཁེལ་པོས་འཚོལ་ཐུབ། སྤྱོད་ཚུལ་ལ་འགྱུར་ལྡོག་གཏོང་བའི་ལྟེ་བ་དེ“མང་ཚོགས་སར་རང་ཉིད་འཇོག་པའི”ཐུན་མོང་གི་འདོད་མོས་ལ་རག་ལས་ཀྱི་ཡོད་པ་དང་། གཞན་སྡུག་རང་མྱོང་ཐུབ་ཚེ་གཞི་ནས་གཞན་གནས་ལ་རང་ཉིད་འཁོད་པ་ཡིན།
སྤྱོད་ཚུལ་འཛུགས་སྐྱོང་ནི་ལྐོག་གྱུར་གྱི་འབོད་ཚིག་ཅིག་གཏན་ནས་མ་ཡིན་པར། དེ་ནི་འཕྲུལ་འཁོར་རེ་རེའི་གོ་རིམ་སྒྲིག་འགོད་ཀྱི་མཐུན་སྦྱོར་དང་། ཨར་ལས་རྒྱུ་ཆ་རེ་རེའི་སྤུས་ཚད་ནན་བཤེར། མང་ཚོགས་ཀྱི་དོན་ཆུང་རེ་རེ་ཐག་གཅོད་འོས་འཚམ་བཅས་བྱེད་པའི་ཁྲོད་མཚོན་གྱི་ཡོད། “དོན་དག་ཡོད་ཚེ་ལམ་སེང་ཚུར་སྣང་བྱེད་ཐུབ་པ”དེ་རྒྱུན་རྣམ་དུ་འགྱུར་བ་དང་མང་ཚོགས་ཀྱིས་ལས་བྱེད་པར“འཚེར་སྣང་བྱེད་པ”དེ“ལས་བྱེད་པ་ནི་དུས་ནམ་ཡང་འཚོལ་ཆོག་ཆོག་ཡིན་པའི”བར་འགྱུར་ལྡོག་བྱུང་སྐབས། ལས་བྱེད་པ་དང་མང་ཚོགས་དབར་ཡང་སེམས་པ་གཅིག་མཐུན་བྱུང་ཡོད། འདི་ལྟ་བུའི་འཐབ་ས་དང་པོའི“ས་གནས་ས་ཐོག་གི་ལས་དོན་སྒྲུབ་སྟངས”ནི་ཏང་ཡོན་ལས་བྱེད་པས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བའི་གསོན་ཉམས་དོད་ཤོས་ཀྱི་འགྲེལ་བཤད་ཅིག་རེད།
འབྲེལ་ཡོད་གསར་འགྱུར།