དབུ་ཤོག
  • ལྗོངས་ཡོངས་ཀྱི་ས་ཆ་མང་ཆེ་བར་དྲོད་ཚད་འཕར་ཆག་ཆེན་པོ་འདུག

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |     སྤེལ་དུས།  2025-09-22

    ཟླ་9ཚེས་21ཉིན། རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་གནམ་གཤིས་སྔོན་བརྡ་བཏང་ཞིང་། སྔོན་དཔག་བྱས་ན་མ་འོངས་ཉིན་བཅུའི་རིང་། རང་ལྗོངས་སུ་ཆར་པ་འབབ་ཚད་དུས་གོང་ལས་ཉུང་དུ་འགྲོ་རྒྱུ་ཡིན་པ་དང་དེའི་ནང་ཟླ་9ཚེས་23ནས་25ཉིན་བར། ལྗོངས་ཡོངས་ཀྱི་ས་ཆ་མང་ཆེ་བར་གནམ་དྭངས་ནས་སྤྲིན་པ་ཉུང་ཉུང་འཁོར་བའི་གནམ་གཤིས་བསྟན་རྒྱུ་ཡིན་པ་དང་གཟའ་མཇུག་ཏུ་ཤར་རྒྱུད་དང་ལྷོ་རྒྱུད་དུ་ཆར་པ་ཆུང་ཙམ་འབབ་རྒྱུ་ཡིན་པ་དང་། དེའི་རིང་དྲོད་ཚད་འཕར་ཆག་ཆེན་པོ་ཡོད་པ་རེད།

    གནམ་གཤིས་སྟོན་ཚུལ་གཙོ་བོ།

    ཟླ་9ཚེས་21དང་22ཉིན་བར། ཉིང་ཁྲི་དང་། ནག་ཆུའི་ཤར་རྒྱུད། ཆབ་མདོ་བཅས་སུ་ཆར་པ་ཆུང་བའམ་ཡང་ན་གངས་མ་ཆར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ་དང་། གཞིས་རྩེའི་ལྷོ་རྒྱུད་དང་། ལྷོ་ཁ། ལྷ་ས་བཅས་སུ་གནམ་འཐིབས་ནས་ཆར་པ་ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ།

    ཟླ་9ཚེས་23ནས་25ཉིན་བར། ཉིང་ཁྲིའི་ལྷོ་རྒྱུད་དང་། ལྷོ་ཁའི་ལྷོ་རྒྱུད། གཞིས་རྩེའི་ལྷོ་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་གཅིག་ལ་གནམ་འཐིབས་ནས་ཆར་པ་ཆུང་བ་འབབ་རྒྱུ་དང་། དེ་མིན་གྱི་ས་ཆ་གཞན་དག་ལ་གནམ་དྭངས་ནས་སྤྲིན་པ་ཉུང་ཉུང་འཁོར་རྒྱུ།

    ཟླ་9ཚེས་26ནས་30ཉིན་བར། ཉིང་ཁྲི་དང་། ཆབ་མདོ། གཞིས་རྩེའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད། མངའ་རིས་ཀྱི་ལྷོ་རྒྱུད། ནག་ཆུའི་དབུས་རྒྱུད་དང་ཤར་རྒྱུད་བཅས་སུ་གནམ་འཐིབས་ནས་ཆར་པ་ཆུང་བའམ་ཡང་ན་གངས་མ་ཆར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ་དང་། གཞིས་རྩེའི་བྱང་རྒྱུད་དང་ནུབ་རྒྱུད་དང་། ལྷོ་ཁའི་ཤར་རྒྱུད། མངའ་རིས་ཀྱི་ཤར་རྒྱུད། ནག་ཆུའི་ནུབ་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་ཡུད་ཙམ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ།

    དེའི་རིང་། ནག་ཆུའི་ས་ཆ་མང་ཆེ་བར་ལྷགས་པ་ཤུགས་ཆེ་ཙམ་རྒྱག་རྒྱུ་དང་ལྗོངས་ཡོངས་ཀྱི་ས་ཆ་མང་ཆེ་བར་དྲོད་ཚད་འཕར་ཆག་ཆེན་པོ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།