དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་གྲོང་ཁྱེར་གྱིས“12345”ཡི་སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་གྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-09-22

     མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། “ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་རིང་། ང་ཚོས་སྤྱོད་ཚུལ་འཛུགས་སྐྱོང་མུ་མཐུད་བྱེད་ཟབ་ཏུ་བཏང་ནས‘12345’ཡི་སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་གྱི་ཞབས་ཞུའི་ནུས་པ་ཆེ་རུ་ཧུར་ཐག་བཏང་ཡོད། ཟླ་བ་དང་པོ་ནས་བདུན་པའི་བར་12345ཡི་སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་དང‘ཡུལ་ཤུལ་ཀུན་ཁྱབ་App’ཡི་ལག་ཞོར་པར་ལེན་བྱེད་ནུས་ལ་བརྟེན་ནས་དོན་དག་ཁག་3232གོང་ཞུ་བདག་སྤྲོད་བྱས་པ་དང་། དོན་དག་ཁག་3230ཐག་གཅོད་བྱས་པ། དོན་དག་ཐག་གཅོད་བྱེད་ཚད་99.88%ཟིན་པ་དང་། ཁ་པར་འབྲེལ་མཐུད་ཐུབ་ཚད་100%ཟིན་ཡོད”ཅེས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡུལ་ཤུལ་གྲོང་ཁྱེར་རིག་ལྡན་གྲོང་ཁྱེར་དོ་དམ་ཞབས་ཞུ་ལྟེ་གནས་ཀྱི་འགན་འཁུར་བ་ཚེ་དབང་འབྱོར་ལྡན་གྱིས་དེ་ལྟར་བརྗོད།

    འདི་ལོ། ཡུལ་ཤུལ་གྲོང་ཁྱེར་རིག་ལྡན་གྲོང་ཁྱེར་དོ་དམ་ཞབས་ཞུ་ལྟེ་གནས་ཀྱིས་12345ཡི་སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་གྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཟུང་འབྲེལ་བྱས་ནས། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ། སྲིད་དོན་ཞབས་ཞུའི་ཆུ་ཚད་དང་མང་ཚོགས་ཀྱི་ཁས་ལེན་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་ལས་དོན་ཁག་སྤེལ་བར་འགན་སྲུང་ནུས་ལྡན་བྱས་ཡོད་པ་རེད།

    12345ཡི་སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་གྱི་བརྒྱུད་རིམ་ཧྲིལ་པོའི་དོ་དམ་བྱ་ཐབས་བཏོན་ཡོད། དོན་དག་མ་སྒྲུབ་གོང་མགྱོགས་མྱུར་དང་ལེན་དབྱེ་ཞིབ་དང་ཁག་བགོས་སྒྲུབ་སྤྲོད་དང་། དོན་དག་སྒྲུབ་རིང་དུས་བཀག་ཐག་གཅོད་དང“ཕྱོགས་གཉིས་ཀྱི་འཚམས་ལན་ལ་སྒྲུབ་སྐུལ་བྱེད་པ” དོན་དག་བསྒྲུབས་རྗེས་བློ་ཡིད་ཚིམ་ཚད་ལ་བརྟག་དཔྱད་དང་ཕྱོགས་སྡོམ་ཚུར་ལན་བཅས་བྱས་པས། འཁོར་སྐྱོད་ཀྱི་རྣམ་པ་བཟང་པོ་ཆགས་ཡོད། བྱ་ཐབས་དེ་ད་ལོའི་ཟླ་4པར་འཁོར་སྐྱོད་ཚོད་ལྟ་བྱེད་འགོ་ཚུགས་ཡོད། དེ་དང་ཆབས་ཅིག་ཞུ་འབྱོར་འཕྲལ་སྒྲུབ་ཀྱི་ལས་ཀའི་ལམ་སྲོལ་ཚོད་ལྟའི་ལག་བསྟར་བྱས་རྗེས། གྱོད་དོན་ཐག་གཅོད་བྱེད་ཚད་དེ་སྔའི་དུས་མཚུངས་ཀྱི་85%ནས་98%བར་མཐོ་རུ་ཕྱིན་པ་དང་། མང་ཚོགས་བློ་ཡིད་ཚིམ་ཚད་83%ནས་99%བར་མཐོ་རུ་ཕྱིན་ཡོད། སྒྲུབ་སྐུལ་ཚུར་ལན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། དུས་བཀག་ཕྱོགས་སྡོམ་དབྱེ་ཞིབ་ལ་བརྟེན་པ། སྡེ་ཚན་ཁག་གི་གྱོད་དོན་སྒྲུབ་གཉེར་གྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། སྒྲུབ་གཉེར་གྱི་འགན་འཁྲི་ནན་དུ་གཏོང་བ། སྒྲུབ་གཉེར་གྱི་སྤུས་ཚད་མཐོ་རུ་དང་ལས་ཕྱོད་རྒྱུན་མཐུད་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་པས། “བདག་སྤྲོད་དང་། སྒྲུབ་སྐུལ། ལེགས་བཅོས”བཅས་ཀྱི་དྲང་ཕྱོགས་ཀྱི་སྐུལ་ལྕག་ལམ་སྲོལ་ཆགས་ནས་སྲིད་དོན་ཞབས་ཞུའི་སྤྱི་ཡོངས་ཀྱི་ནུས་ཕྱོད་ཆེ་རུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།