དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ལོ་རྒྱུས་བརྟན་པོར་ངེས། མ་འོངས་གསར་དུ་གཏོད།

    ཞི་བདེའི་ས་བོན་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཧྥང་མིན། ཧྲི་ཡོན་ཧའོ། ཁྲེན་ཧྲང་ཝུན།    |     སྤེལ་དུས།  2025-09-22

    ཀྲུང་གོའི་དམག་མི་རྒན་གྲས་ལི་ཀྲན་རུའེ།

    ཁྱིམ་སྲུང་རྒྱལ་སྐྱོབ་ནི་མི་ཚང་མའི་བླ་ན་མེད་པའི་འགན་འཁྲི་རེད།

    ཧོ་ནན་ཀྲེང་ཀྲོའུ་གྲོང་ཁྱེར་གྱི་སྟབས་བདེ་ལ་བབ་ཆགས་པའི་སྡོད་ཁང་ནས་ལོ་70ལ་སླེབས་པའི་རྒན་ཡོལ་ཞུས་པའི་བཟོ་པ་ལི་ཧྲོང་ཆིང་གིས་གཟབ་གཟབ་སིལ་སིལ་ངང་ཤིང་སྒམ་སྤུས་ཀ་དག་པོ་ཞིག་བཏོན། ཤིང་སྒམ་གྱི་ཁ་དལ་གྱིས་འབྱེད་སྐབས། མིག་མདུན་དུ་མངོན་པ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་70འཁོར་བའི་དྲན་རྟེན་རྟགས་མ་ཞིག་རེད། “འདི་ནི་ངའི་ཨ་ཕ་འདས་པོའི་དྲན་རྟེན་དངོས་པོ་ཞིག་རེད། དྲན་རྟེན་རྟགས་མ་འདི་ཕུད་ཨ་ཕའི་དྲན་རྟེན་གྱི་དངོས་པོ་གཞན་དག་ཚང་མ་རྟེན་རྫས་བཤམས་མཛོད་ཁང་ལ་ཞལ་འདེབས་སུ་ཕུལ་བ་ཡིན། ཨ་ཕས་དྲན་རྟེན་རྟགས་མ་འདིར་རྒྱལ་ཁབ་དང་མི་དམངས་ཀྱི་ཁས་ལེན་འདུས་ཡོད་པས་ང་ཚོས་མི་རབས་ནས་མི་རབས་བར་གཅེས་འཛིན་བྱེད་དགོས་ཞེས་མངགས་བྱུང”ལི་ཧྲོང་ཆིང་གིས་མགྲིན་པ་བརྣངས་བཞིན་བཤད།

    ལི་ཧྲོང་ཆིང་གི་ཨ་ཕ་ལི་ཀྲན་རུའེ་ནི་རི་འགོག་དམག་འཁྲུག་གི་དམག་མི་རྒན་གྲས་ཤིག་རེད། 1943ལོར་ལི་ཀྲན་རུའེ་ཀྲུང་གོ་དང་ཨ་རིའི་མཁའ་དམག་མཉམ་བསྲེས་རུ་ཆེན་ནང་ཞུགས་ནས་མདེལ་དབྱུག་གནམ་གྲུ་གཏོང་མཁན་ཞིག་ཏུ་གྱུར།

    སྐབས་དེ་དུས་ལི་ཀྲན་རུའེ་དང་འཐབ་གྲོགས་ཚོ་རིམ་པ་བཞིན་ཧྲག་སྒྲུག་བྱས་པ་བརྒྱུད་མཐར་ཀྲུང་གོ་དང་ཨ་རིས་མཉམ་དུ་བཙུགས་པའི“མཁའ་ཐོག་རྒྱང་སྐྱོད་དམག”ནང་ཚུད་པ་མ་ཟད། ཕྱི་རྒྱལ་དུ་སྦྱོང་བརྡར་བྱེད་པར་བཏང་ཡོད། དེའི་རྗེས་སུ་ལི་ཀྲན་རུའེ་ཡིས་དམག་འཐབ་གནམ་གྲུ་བཏང་ནས་རྒྱ་གར་དང་འབར་མ་སོགས་སུ་རི་པིན་བཙན་འཛུལ་པ་དང་དཔའ་ངར་ཆེན་པོས་འཐབ་རྩོད་བྱས། ཟམ་པ་དང་། ཐན་ཁེ། དགྲ་བོའི་གནམ་གྲུ་གཏོར་བ་སོགས་ལི་ཀྲན་རུའེ་ཡིས་ཉིན་གཅིག་ནང་རི་པིན་གྱི་དམག་ཤུགས་ཆེན་པོས་འགོག་སྲུང་བྱས་པའི་ཟམ་པ་གསུམ་གཏོར་བ་རེད། 1943ལོ་ནས་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་བར་ལི་ཀྲན་རུའེ་དང་འཐབ་གྲོགས་ཚོས་རི་པིན་ཇག་དམག་ལ་ཕར་རྒོལ་དྲག་པོ་ཡང་ཡང་སློག་པ་རེད།

    “ཨ་ཕས་རྒྱུན་དུ་ཁྱིམ་སྲུང་རྒྱལ་སྐྱོབ་ནི་ཀྲུང་གོ་བ་ཚང་མའི་བླ་ན་མེད་པའི་འགན་འཁྲི་རེད་ཅེས་གསུངས་ཀྱི་འདུག”ཅེས་ལི་ཧྲོང་ཆིང་གིས་ཐོག་མཐའ་བར་གསུམ་དུ་ཨ་ཕའི་བསླབ་བྱ་སེམས་གཏིང་ལ་ངེས་ཡོད།

    ཨ་རིའི་དམག་དཔོན་ཧྲི་ཏི་ཝེ།

    ཀྲུང་གོའི་བཅིངས་འགྲོལ་དང་ཡར་ཐོན་གྱི་བྱ་གཞག་ལ་རྒྱབ་སྐྱོར་ཧུར་ཐག་བྱས་པ།

    “དམག་འཁྲུག་དེའི་ཁྲོད་ང་ཚོས་ལག་གདང་དཔུང་སྦྲེལ་བྱས་ནས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱ་ཆེད་བློས་གཏོང་ཆེན་པོ་བྱས་ཡོད” གཡོད་ཧན·དབྱི་སི་ཐེ་པུའུ་ལུའུ་ཁེ་ནི་དམག་དཔོན་ཧྲི་ཏི་ཝེའི་ཚ་བོ་རེད། ཁོང་གིས་བལྟས་ན། འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ཁྲོད་ཨ་རི་དང་ཀྲུང་གོའི་མཛའ་གྲོགས་ཆགས་པ་བློ་ལ་བརྟན་པོར་ངེས་པ་དེས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཕན་ཚུན་བསམ་ཤེས་བྱེད་ཟབ་ཏུ་འགྲོ་བར་ཕན་ཐོགས་ཡོད་པ་རེད།

    དམག་དཔོན་ཧྲི་ཏི་ཝེའི་མི་ཚེ་གང་པར་ཀྲུང་གོར་ཐེངས་ལྔ་ཕེབས་མྱོང་ཡོད་པ་དང་། རིམ་རྩིས་བརྒྱབ་ན་ཀྲུང་གོར་འཚོ་བ་ལོ་12བསྐྱལ་མྱོང་ཡོད། རི་འགོག་དམག་འཁྲུག་རིང་། ཁོང་གིས་སྔ་རྗེས་སུ་མནའ་མཐུན་དམག་དཔུང་ཀྲུང་གོའི་དམག་ཁུལ་གྱི་ཚན་མོའུ་ཀྲང་དང་། ཀྲུང་གོ་དང་། འབར་མ། རྒྱ་གར་བཅས་དམག་ཁུལ་གྱི་ཨ་རིའི་སྤྱི་ཁྱབ་སི་ལིང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་མཐུན་དམག་དཔུང་གི་སི་ལིང་ཡོན་གཞོན་པ་སོགས་ཀྱི་འགན་ཁུར་ནས་ཀྲུང་གོའི་དམག་དམངས་དང་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་བྱས་ཏེ། ཀྲུང་གོའི་རི་འགོག་དངོས་ཟོག་སྐྱེལ་འདྲེན་འགན་ལེན་དང་རི་པིན་བཙན་འཛུལ་པར་འགོག་རྒོལ་བྱ་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། 2015ལོའི་ཟླ་9པར། དམག་དཔོན་ཧྲི་ཏི་ཝེར་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་70འཁོར་བའི་དྲན་གསོའི་རྟགས་མ་ཐོབ་པ་རེད།

    2023ལོའི་ཟླ་8པར། ཀྲུའུ་ཞི་ཅིན་ཕིང་གིས་དབྱི་སི་ཐེ་པུའུ་ལུའུ་ཁེར་སྤྲིངས་པའི་འཕྲིན་ལན་ནང་དམག་དཔོན་ཧྲི་ཏི་ཝེ་ནི་ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་པ་ཡིན་པས། ཀྲུང་གོའི་བཅིངས་འགྲོལ་དང་ཡར་ཐོན་གྱི་བྱ་གཞག་ལ་རྒྱབ་སྐྱོར་ཧུར་ཐག་བྱས་པ་དང་། ཀྲུང་གོ་དང་ཨ་རིའི་མི་དམངས་ཀྱི་མཛའ་གྲོགས་ཐད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ཀྲུང་གོའི་མི་དམངས་ཀྱིས་དེ་ནམ་ཡང་བརྗེད་མི་སྲིད་ཅེས་གསུངས་ཡོད།

    དབྱི་སི་ཐེ་པུའུ་ལུའུ་ཁེ་ཡིས“ཀྲུང་གོ་མི་དམངས་ཀྱིས་དམག་དཔོན་ཧྲི་ཏི་ཝེར་བཅངས་པའི་བརྩེ་སེམས་ཟབ་མོ་དེས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང་། རྩ་ཆེའི་མཛའ་གྲོགས་དེ་སྲུང་སྐྱོང་ཐུབ་པར་ང་ཚོར་སྤོབས་པ་ཆེན་པོ་སྐྱེ་གི་འདུག”ཅེས་བརྗོད།

    གཞས་གདངས་རྩོམ་པ་པོ་ཀྲེང་ལུའེ་ཁྲེང་།

    《དམག་སྡེ་བརྒྱད་པའི་གླུ་གཞས་མཉམ་གཏོང་ཆེན་པོ》ཡིས་རི་འགོག་དམག་དམངས་ལ་སྐུལ་ལྕག་བཏང་བ།

    《དམག་སྡེ་བརྒྱད་པའི་མདུན་སྐྱོད་གླུ་གཞས》དེ་བརྩམས་ཚུན་དུ་ཀྲུང་གོའི་དམག་མི་མི་རབས་མང་པོར་རང་སྲོག་བློས་གཏོང་གིས་དཔའ་ངར་ཞུམ་མེད་ངང་མདུན་སྐྱོད་བྱེད་པར་སྐུལ་ལྕག་བཏང་ཡོད། “གླུ་གཞས་ཡག་པོ་ཞིག་ཡིན་ན་དུས་རབས་ཀྱི་བརྩེ་སེམས་མཚོན་ཐུབ་ལ་མི་དམངས་དུང་ཕྱུར་མང་པོའི་བསམ་འདུན་ཡང་མཚོན་ཐུབ” གཞས་གདངས་རྩོམ་པ་པོ་ཀྲེང་ལུའེ་ཁྲེང་གི་བུ་མོ་ཀྲེང་ཞའོ་ཐི་ཡིས་བལྟས་ན། དེ་ནི་རང་ཉིད་ཀྱི་ཨ་ཕས་གླུ་གཞས་དེ་བརྩམས་དོན་གཙོ་བོ་དེ་རེད།

    1939ལོའི་དགུན་ཁར《དམག་སྡེ་བརྒྱད་པའི་གླུ་གཞས་མཉམ་གཏོང་ཆེན་པོ》ཞེས་པ་ཡན་ཨན་གྱི་ཀྲུང་དབྱང་ཚོགས་ཁང་ཆེ་མོར་ཐོག་མར་འཁྲབ་སྟོན་བྱས་ཡོད། སྐད་གསང་མཐོ་ཞིང་འཐབ་འཛིང་གི་དཔའ་ཉམས་ཡོངས་སུ་མངོན་པའི་འགྱུར་ཁུག་དེ། རི་འགོག་དམག་དམངས་ཁྲོད་དུ་དེ་མུར་དར་ཁྱབ་བྱུང་ནས་ངར་ཤུགས་སློང་བའི་བསམ་པའི་འབོད་སྒྲ་ཞིག་ཏུ་གྱུར་ཡོད།

    རི་འགོག་དམག་འཁྲུག་གི་མེ་ལྕེའི་ཁྲོད་ནས་དར་ཁྱབ་བྱུང་བའི《དམག་སྡེ་བརྒྱད་པའི་མདུན་སྐྱོད་གླུ་གཞས》ཀྱི་མིང་ཐེངས་མང་བསྒྱུར་མཐར《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་གཞས》སུ་གཏན་འཁེལ་བྱས་ཡོད། 2025ལོའི་ཟླ་9ཚེས་3ཉིན། དམག་མིའི་རོལ་དབྱངས་ཚོགས་པས《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་གཞས》དཀྲོལ་ཞིང་། སྤྲོ་སེམས་རྒྱས་པའི་གླུ་དབྱངས་ཀྱི་ཁྲོད་དུ་གཟིགས་སྦྲེང་དཔུང་སྡེས་གཟིགས་ཞིབ་དང་ལེན་ཞུས་པ་རེད།

    “རྒྱུས་མངའ་ཆེ་བའི་རོལ་དབྱངས་གྲགས་པའི་དུས་སུ་ངའི་སེམས་ནང་དྲོ་སོབ་སོབ་ཀྱི་ཚོར་སྣང་ཞིག་ངང་གིས་འཆར་བྱུང” ཀྲེང་ཞའོ་ཐིས་གདན་ཞུས་ལྟར་ཨ་ཕའི་ཚབ་ཞུས་ནས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ལ་ཞུགས་རྒྱུ་བྱུང་བ་ནི་ངའི་གཟི་བརྗིད་ཆེན་པོ་ཞིག་ཡིན། “ལོ་རྒྱུས་ཀྱི་ཆུ་རྒྱུན་མཚམས་མི་ཆད་པར་རྒྱུག་པ་དང་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ། ཞི་བདེའི་ལོ་རབས་སུ་སྐྲག་སྣང་གཏན་ནས་མེད་པར་ནམ་ཡང་མདུན་སྐྱོད་བྱེད་དགོས། བསམ་པའི་སྟོབས་ཤུགས་འདི་ལྟ་བུས་ཀྲུང་གོ་མི་དམངས་ཀྱིས་འགག་སྒྲོལ་དཀའ་སེལ་བྱེད་པར་མུ་མཐུད་ཁྲིད་སྟོན་བྱས་ཏེ། རྒྱལ་ཁབ་ཀྱི་སྔར་ལས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཐུབ་པའི་ཡིད་ཆེས་ཡོད”ཅེས་བཤད།

    སྨན་པ་མཱ་ཧའེ་ཏེ།

    ཧྲའན་ཤིས་བྱང་རྒྱུད་དུ་ཀྲུང་གོའི་གསར་བརྗེའི་བྱ་གཞག་ནང་ཞུགས་པ།

    “དེ་ནི་སེམས་འགུལ་ཚད་མེད་ཐེབས་པའི་ཉིན་ཞིག་རེད” རི་འགོག་དམག་འཁྲུག་ལ་ལེགས་སྐྱེས་ཕུལ་བའི་རྒྱལ་སྤྱིའི་གྲོགས་པོ་འདས་པོའི་ཁྱིམ་མིའི་འཐུས་མི་ཡིན་པའི་འཕྲོད་བསྟེན་པུའི་དེ་སྔའི་མཐོ་རིམ་བློ་འདྲི་བ་སྨན་པ་མཱ་ཧའེ་ཏེའི་བུ་ཀྲོའུ་ཡིའུ་མཱ་གདན་ཞུས་ལྟར་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ལ་ཞུགས་པ་རེད།

    མཱ་ཧའེ་ཏེ། དངོས་མིང་ལ་ཆའོ་ཀྲི·ཧའེ་ཏེ་མུའུ་ཟེར་ཞིང་། 1910ལོར་ཨ་རིར་སྐྱེས་པ་དང་། ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པའི་ཕྱི་རྒྱལ་བ་དང་པོ་རེད། 1933ལོར་གསོ་བ་རིག་པའི་འབུམ་རམས་པའི་བསླབ་གནས་བླངས་རྗེས་ཁོང་ཕྱི་རྒྱལ་ནས་ཀྲུང་གོར་སླེབས། ཧྲང་ཧའེ་རུ་མཱ་ཧའེ་ཏེས་ཧྲི་མོ་ཐེ་ལའེ་སོགས་ཡར་ཐོན་མི་སྣ་དང་ངོ་ཤེས་བསྒྲིགས་ནས་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་བཟོ་ཞིང་དམར་དམག་ལ་རྒྱུས་ལོན་བྱས་པ་མ་ཟད། རང་ཉིད་ཀྱི་སྨན་བཅོས་ཁང་ཀྲུང་གུང་གི་གསང་བའི་ཏང་ཡོན་ལ་འབྲེལ་གཏུག་བྱེད་ས་དང་ཚོགས་འདུ་འཚོགས་སར་མཁོ་འདོན་བྱས།

    1936ལོར་ཀྲུང་གུང་ཀྲུང་དབྱང་གི་གདན་ཞུས་ལྟར། མཱ་ཧའེ་ཏེ་དང་ཨ་རིའི་གསར་འགོད་པ་ཨའེ་ཏེ་ཅ·སི་ནུའོ་ཧྲའན་ཤིས་བྱང་རྒྱུད་ཀྱི་སུའུ་ལེན་ཁུལ་དུ་འདྲི་རྟོག་བྱེད་པར་ཡོང་ཡོད། སི་ནུའོ་ཡིས་འདྲི་རྟོག་ལས་འགན་ལེགས་སྒྲུབ་བྱས་ནས་ཁ་བྲལ་རྩིས་བྱེད་སྐབས། མཱ་ཧའེ་ཏེ་མུ་མཐུད་ཧྲའན་ཤིས་བྱང་རྒྱུད་དུ་བསྡད་ནས་ཀྲུང་གོའི་གསར་བརྗེའི་བྱ་གཞག་ནང་ཞུགས་རྒྱུའི་གདམ་ག་བྱས། 1937ལོའི་ཟླ་2པར་ཁོང་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས།

    མཱ་ཧའེ་ཏེས་སེམས་ནུས་ཡོད་རྒུས་ཀྲུང་གོའི་གསར་བརྗེའི་ལས་ལ་གཞོལ་ནས་མང་ཚོགས་ལ་རི་འགོག་དམག་འཁྲུག་སྐོར་དྲིལ་བསྒྲགས་ཧུར་ཐག་བྱས་པ་མ་ཟད། ཨ་རིའི་དམག་དཔུང་ལྟ་ཞིབ་ཚོགས་ཆུང་དང་ཀྲུང་གོར་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་སོགས་རྒྱལ་སྤྱིའི་རོགས་སྐྱོར་སྟོབས་ཤུགས་ལ་སྣེ་ལེན་ཡང་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།