དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་བུད་མེད་འཕེལ་རྒྱས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།   དབྱང་ཧའོ།   |     སྤེལ་དུས།  2025-09-22

    ● བུད་མེད་དུང་ཕྱུར་6.9དུས་གཅིག་ཏུ་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་ཅིང་། བུད་མེད་ཀྱི་བདེ་ཐང་ཆུ་ཚད་ཇེ་མཐོར་ཕྱིན་ནས་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་80.9ཟིན་པ།

    ● བུད་མེད་ཀྱིས་ལས་ཞུགས་མི་སྣའི་ཁྲོད་བཟུང་བའི་བསྡུར་ཚད་43%ཟིན་པ་དང་། ཚན་རྩལ་ལས་དོན་པའི་ཁྲོད་བཟུང་བའི་བསྡུར་ཚད་45.8%ཟིན་པ།

    ● ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་བཅས་ཀྱི་ཁྲོད་དུ་བུད་མེད་ཀྱིས་བཟུང་བའི་བསྡུར་ཚད་ཆ་སྙོམས་བྱས་ན་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ། གྲོང་མི་ཨུ་ཡོན་ལྷན་ཁང་དང་ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ཁྲོད་དུ་བུད་མེད་ཀྱིས་བཟུང་བའི་བསྡུར་ཚད་54.3%དང་26.1%སོ་སོར་ཟིན་པ་དེ་2012ལོ་ལས་བརྒྱ་ཆའི་གྲངས་5.5དང་4འཕར་བ།

    ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《དུས་རབས་གསར་པར་ཀྲུང་གོས་བུད་མེད་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བའི་ལག་ལེན་དང་གྲུབ་འབྲས》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཡོངས་བསྒྲགས་བྱས་ཤིང་། རྒྱབ་ཤ་དཀར་པོའི་དེབ་ནང་། ཀྲུང་གོའི་བུད་མེད་བྱ་གཞག་འཕེལ་རྒྱས་ཀྱི་བསམ་གཞི་བརྒྱུད་རིམ་ལྡན་པའི་ངང་ངོ་སྤྲོད་བྱས་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དང་ལྷག་པར་དུ། ཉེ་བའི་ལོ་5ཡི་རིང་། རང་རྒྱལ་གྱིས་ཕོ་མོ་འདྲ་མཉམ་དང་བུད་མེད་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་ཐོབ་པའི་གྲུབ་འབྲས་གལ་ཆེན་གཙོ་གནད་དུ་བཟུང་ནས་ངོ་སྤྲོད་བྱས་པ། དེ་བཞིན་ཀྲུང་གོས་གོ་ལ་ཧྲིལ་པོའི་བུད་མེད་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་ཧུར་ཐག་ཕུལ་བ་ངོ་སྤྲོད་བྱས་ཡོད།

    “རང་རྒྱལ་གྱི་བུད་མེད་འཕེལ་རྒྱས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བུད་མེད་འཕེལ་རྒྱས་ཀྱི་ལམ་བུར་སྐྱེ་སྟོབས་ཀྱི་དཔལ་འབར་ལ། ཐུན་མོང་མ་ཡིན་པའི་ལེགས་ཆའང་མངོན་ཡོད”རྒྱལ་སྲིད་སྤྱི་ཁྱབ་ཁང་བུད་མེད་དང་བྱིས་པའི་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་བཅས་ཡིན་པའི་ཧོང་ཞའོ་ཝུའེ་ཡིས“སྔར་བྱུང་མྱོང་མེད་པ”བཞི་ཡི་ཐོག་ནས་རང་རྒྱལ་གྱི་བུད་མེད་བྱ་གཞག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་སྙིང་བསྡུས་བྱས་པ་སྟེ།

    ཏང་དང་རྒྱལ་ཁབ་ཀྱིས་བུད་མེད་ཀྱི་བྱ་གཞག་ལ་སྔར་བྱུང་མྱོང་མེད་པའི་མཐོང་ཆེན་དང་རྒྱབ་སྐྱོར་བྱས་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། ཚོགས་ཆེན་བཅུ་དགུ་པ། ཚོགས་ཆེན་ཉི་ཤུ་པ་བཅས་ཚང་མའི་ཐོག“ཕོ་མོ་འདྲ་མཉམ་གྱི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་ཀྱིས་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་དགོས”ཞེས་ནན་བཤད་བྱས་པ་དང་། རང་རྒྱལ་གྱིས་གཉེན་སྒྲིག་དང་ཁྱིམ་ཚང་གི་ནང་དོན་ཚུད་པའི་དམངས་དོན་ཁྲིམས་གཞུང་ཐོག་མ་དང་ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་གྱི་བཅའ་ཁྲིམས་ཁྱབ་བསྒྲགས་བྱས་པ། བུད་མེད་ཀྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས་ལ་བཟོ་བཅོས་བརྒྱབ་པ། རྒྱལ་ཁབ་ཀྱི་རིམ་ངོས་དང་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཚང་མས་ཁྲིམས་སྲོལ་སྲིད་ཇུས་ཀྱི་ཕོ་མོ་འདྲ་མཉམ་གྱི་ཚོད་སྐོར་ལམ་སྲོལ་བཙུགས་ཡོད།

    རྒྱ་ཆེའི་བུད་མེད་ལ་སྔར་བྱུང་མྱོང་མེད་པའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་བྱུང་བ། བུད་མེད་དུང་ཕྱུར་6.9དུས་གཅིག་ཏུ་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་ཅིང་། བུད་མེད་ཀྱི་བདེ་ཐང་ཆུ་ཚད་ཇེ་མཐོར་ཕྱིན་ནས་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་80.9ཟིན་པ་དང་། སྦྲུམ་མར་བརྒྱུད་རིམ་ལྡན་པའི་དོ་དམ་བྱེད་ཚད་94.9%བར་འཕར་བ། སྦྲུམ་མ་ཤི་ཚད་2012ལོ་ལས་41.6%ཆག་པ། བུད་མེད་ལ་དོ་སྙོམས་དང་སྤུས་ལེགས་ཀྱི་སློབ་གསོ་ལོངས་སུ་སྤྱོད་རྒྱུ་བྱུང་བ། རྨང་གཞིའི་སློབ་གསོའི་ཕོ་མོའི་ཧེ་བག་གཞི་རྩའི་ཆ་ནས་མེད་པར་གྱུར་ཡོད།

    “གནམ་ཕྱེད་ཀ”འདེགས་པའི་ནུས་པ་ཁྱབ་ཁོངས་ཁག་ཏུ་སྔར་བྱུང་མྱོང་མེད་པའི་སྒོ་ནས་གང་ལེགས་མངོན་པ། བུད་མེད་ཀྱིས་ལས་ཞུགས་མི་སྣའི་ཁྲོད་བཟུང་བའི་བསྡུར་ཚད་43%ཟིན་པ་དང་། ཚན་རྩལ་ལས་དོན་པའི་ཁྲོད་བཟུང་བའི་བསྡུར་ཚད་45.8%ཟིན་པ། གྲངས་འཛིན་ཚོང་དོན་དང་། དྲ་ཐོག་ཚོང་དོན། ཐད་གཏོང་སོགས་ལས་རྣམ་གསར་པར་ཞུགས་མཁན་ཁྲོད་བཟུང་བའི་བསྡུར་ཚད་1/3ཟིན་པ། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་བཅས་ཀྱི་ཁྲོད་དུ་བུད་མེད་ཀྱིས་བཟུང་བའི་བསྡུར་ཚད་ཆ་སྙོམས་བྱས་ན་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ། གྲོང་མི་ཨུ་ཡོན་ལྷན་ཁང་དང་ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ཁྲོད་དུ་བུད་མེད་ཀྱིས་བཟུང་བའི་བསྡུར་ཚད་54.3%དང་26.1%སོ་སོར་ཟིན་པ་དེ་2012ལོ་ལས་བརྒྱ་ཆའི་གྲངས་5.5དང་4འཕར་བ། རྒྱལ་ཁབ་ཀྱི་རིག་གནས་ཕུལ་བྱུང་རྣམ་གྲངས་ཁྲོད་དུ་བུད་མེད་ཀྱིས་བཟུང་བའི་བསྡུར་ཚད་45.2%ཟིན་པ། བུད་མེད་ཀྱི་དོན་གྲོས་ཚོགས་འདུ་ཁྲི་43.1དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལག་བསྟར་ཨུ་ཡོན་ཁྲི་700ལྷག་ཙམ། ཐོ་འགོད་བྱས་པའི་བུད་མེད་དང་བླངས་པ་ཁྲི་2400ལྷག་ཙམ་བཅས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་དུ་ལས་ཀ་བྱེད་བཞིན་ཡོད།

    ཀྲུང་གོ་བུད་མེད་བྱ་གཞག་གི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་ཞུགས་པ་སྔར་བྱུང་མྱོང་མེད་པ། རང་རྒྱལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་དང་མཉམ་དུ་བྱིས་པ་བུ་མོ་དང་བུད་མེད་སློབ་གསོའི་བྱ་དགའ་གཏན་འཁེལ་བྱས་པ་དང་གོ་ལ་ཧྲིལ་བོའི་བུད་མེད་ཀྱི་དབུ་ཚོགས་འཚོགས་པ་དང་། རྒྱལ་ཁབ་140ལྷག་ཙམ་དང་བུད་མེད་ཀྱི་རྩ་འཛུགས་དང་། ལས་ཁུངས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་བཅས་420ལྷག་ཙམ་དང་མཛའ་མཐུན་འགྲོ་འོངས་རྒྱུན་འཁྱོངས་བྱས་པ། རྒྱལ་ཁབ་20ལྷག་ཙམ་དུ་ཨ་སྒོར་ཁྲི་4000ལྷག་ཙམ་ཟིན་པའི་མཐུན་རྐྱེན་སྦྱོར་བའི་རྣམ་གྲངས་ལག་ལེན་བསྟར་ཡོད།

    བུད་མེད་དང་བྱིས་པའི་བདེ་ཐང་ནི་རྒྱུན་མཐུད་འཕེལ་རྒྱས་ཀྱི་སྔོན་འགྲོ་རེད། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་མཱ་ལེ་ཅན་གྱིས་ངོ་སྤྲོད་བྱས་པར། རང་རྒྱལ་གྱིས་མ་བུ་བདེ་སྲུང་སྒྲིག་གཞི་སྲོག་ཤིང་དང་། གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་རྨང་གཞི། སྨན་ཁང་ཆེ་འབྲིང་དང་ཚན་རིག་ཞིབ་འཇུག་སྒྲིག་གཞི་འདེགས་སྐྱོར་བཅས་སུ་བྱས་པའི་བུད་མེད་དང་བྱིས་པའི་བདེ་ཐང་ཞབས་ཞུའི་མ་ལག་བཙུགས་ཡོད།

    “མིག་སྔར་རྒྱལ་ཡོངས་སུ་མ་བུ་བདེ་སྲུང་སྒྲིག་གཞི་3081དང་། ཉེན་ཁ་ཆེ་བའི་སྦྲུམ་མ་སྐྱོབ་བཅོས་ལྟེ་གནས་3491 ཉེན་ཁ་ཆེ་བའི་ཕྲུ་གུ་དམར་འབྱར་སྐྱོབ་བཅོས་ལྟེ་གནས་3221 རིམ་པ་གཉིས་པ་ཡན་གྱི་ཀྲུང་ལུགས་གསོ་རིག་སྨན་ཁང་2600ལྷག་ཙམ་ལ་བུད་མེད་ཚན་ཁག་བཙུགས་ཡོད”ཅེས་མཱ་ལེ་ཅན་གྱིས་བཤད།

    སྲིད་ཇུས་ཀྱི་ཁྲིད་སྟོན་ཐད། 《ཀྲུང་གོའི་བུད་མེད་ཀྱི་འཕེལ་རྒྱས་རྩ་གནད(2021ལོ་ནས་2030ལོ་བར)》ནང་། ཆ་འཕྲིན་ལག་རྩལ་སྤྱད་དེ་དུས་རབས་གསར་པའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནང་ཞུགས་པའི་བུད་མེད་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད། 《དམངས་ཡོངས་ཀྱི་གྲངས་འཛིན་བྱང་ཚད་དང་རྩལ་ནུས་མཐོར་གཏོང་བྱ་སྤྱོད་ཀྱི་རྩ་གནད》ནང་། བདེ་འཇགས་ངང་དྲ་ཞུགས་དང་། ཚན་རིག་དང་མཐུན་པའི་ངང་དྲ་སྤྱོད། དྲ་ཐོག་ལས་གཏོད་སོགས་བྱེད་པའི་བུད་མེད་ཀྱི་གྲངས་འཛིན་འདུ་ཤེས་ཟབ་ཏུ་དང་ནུས་པ་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།