“ལོ་ལྔ་ཚན་བཅུ་བཞི་པ”ཚུན་དུ་རང་རྒྱལ་གྱི་དབྱང་གཉིས་ཐཱན་འགྱུར་ཕྱིར་འབུད་ཚད་རྒྱུན་མཐུད་ཆག་པ།
ཉེ་ཆར་གསར་འགོད་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་ཐཱན་རྩེར་སོན་དང་ཐཱན་ཚད་སྙོམ་སྦྱོར་ལ་ཁ་གཏད་གཅོག་པའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། གོ་ལ་ཧྲིལ་པོའི་བསྐྱར་སྐྱེས་ནུས་རྒྱུའི་མ་ལག་ཆེ་ཤོས་དང་འཕེལ་རྒྱས་མགྱོགས་ཤོས་གཏོད་རྒྱུར་སྐུལ་འདེད་བཏང་བ། 2030ལོའི་རྒྱལ་ཁབ་ཀྱི་རང་བརྟེན་ལེགས་སྐྱེས་འབུལ་རྒྱུའི་རླུང་གློག་དང་ཉི་གློག་འདོན་ཤུགས་ཀྱི་དམིགས་ཚད་སྔ་སྣུར་དུ་ལེགས་སྒྲུབ་བྱས་ཡོད། “ལོ་ལྔ་ཚན་བཅུ་བཞི་པ”ཚུན་དུ། རང་རྒྱལ་གྱི་དབྱང་གཉིས་ཐན་འགྱུར་ཕྱིར་འབུད་ཚད་རྒྱུན་མཐུད་ཆག་ཡོད་པ་རེད།
རྒྱལ་ཡོངས་ཀྱི་ཐཱན་ཁྲོམ་ར་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ཞིང་། རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་དྲོད་ཁང་གི་རླུང་གཟུགས་འབུད་ཚད་མཐོ་ཤོས་ལ་ཁྱབ་པའི་ཐཱན་འབུད་གཏོང་བྱེད་དབང་ཉོ་ཚོང་ཁྲོམ་ར་བཙུགས་པ་དང་། ད་ལོ་ངར་ལྕགས་དང་། ཨར་འདམ། ཧ་ཡང་བཙོ་སྦྱངས་བཅས་ཀྱི་ལས་རིགས་གསར་དུ་བཅུག་པས། རྒྱལ་ཡོངས་ཀྱི་དབྱང་གཉིས་ཐཱན་འགྱུར་ཕྱིར་འབུད་ཚད་60%ཡན་ལ་དོ་དམ་དང་ཚོད་འཛིན་ནུས་ལྡན་ཐུབ་ཡོད། ཟླ་9ཚེས་18ཉིན་བར། རྒྱལ་ཡོངས་ཀྱི་ཐཱན་འབུད་གཏོང་བྱེད་དབང་ཉོ་ཚོང་ཁྲོམ་རའི་ཆ་བཅད་རིམ་རྩིས་བརྒྱབ་ན་ཚོང་འགྲིག་ཚད་ཏུན་དུང་ཕྱུར་7.14དང་ཚོང་འགྲིག་ཚད་སྒོར་དུང་ཕྱུར་489.61ཟིན་པ་དང་དུས་མཚུངས། ཐཱན་ཕྱིར་འབུད་ཀྱི་གཞི་གྲངས་ལ་བསྡོམས་རྩིས་ཞིབ་ཕྲ་བརྒྱབ་པའི་ཚད་ལྡན་རང་བཞིན་དང་། གནད་འཁེལ་རང་བཞིན། དུས་ཐོག་རང་བཞིན་བཅས་མཐོ་རུ་ཤུགས་ཆེན་ཕྱིན་ཡོད།
འབྲེལ་ཡོད་གསར་འགྱུར།