“ལོ་ལྔ་ཚན་བཅུ་བཞི་པ”ཚུན་དུ་རང་རྒྱལ་གྱིས་སྔོན་ཐོན་རིམ་པའི་རིག་ནུས་བཟོ་གྲྭ་7000ལྷག་ཙམ་བསྐྲུན་པ།
ཉེ་ཆར། གསར་འགོད་པར་བཟོ་འཕྲིན་པུའུ་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པ”ཚུན་དུ། རང་རྒྱལ་གྱི་རིག་ནུས་བཟོ་སྐྲུན་ལས་གྲྭར་སྐུལ་འདེད་ཏན་ཏིག་བཏང་སྟེ། རྨང་གཞིའི་རིམ་པའི་རིག་ནུས་བཟོ་གྲྭ་ཁྲི་3.5ལྷག་ཙམ་དང་། སྔོན་ཐོན་རིམ་པའི་རིག་ནུས་བཟོ་གྲྭ་7000ལྷག་ཙམ། ཕུལ་བྱུང་རིམ་པའི་རིག་ནུས་བཟོ་གྲྭ་230ལྷག་ཙམ་བཅས་བསྐྲུན་ནས་བཟོ་རྩལ་དང་། སྒྲིག་ཆས། མཉེན་ཆས་བཅས་འདུས་གྲུབ་གསར་གཏོད་ལ་སྐུལ་འདེད་བཏང་ཡོད།
གྲངས་གཞི་ལས་མངོན་པར། རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་འཕྲུལ་མིའི་འབོར་གྲངས་མི་ཁྲི་རེར་འཕྲུལ་ཆས་470ཟིན་ནས་གོ་ལ་ཧྲིལ་པོའི་ཆ་སྙོམས་ཆུ་ཚད་ལས་ཤུགས་ཆེན་བརྒལ་ཡོད། འོད་ཤུགས་དང་། སྒུལ་ཤུགས་གློག་རྫས། ནུས་རྒྱུ་གསར་པའི་རླངས་འཁོར་སོགས་ཁྱབ་ཁོངས་སུ་རིག་ནུས་བཟོ་སྐྲུན་སྒྲིག་ཆས་དང་མ་ལག་ཐག་གཅོད་ཇུས་གཞིར་ཚོགས་སྤྱིའི་རང་བཞིན་གྱི་ཚད་བརྒལ་བྱུང་ཞིང་། ཐོན་རྫས་ཀྱི་བྱེད་ནུས་དགོས་མཁོ་ལྟར་གྲུབ་པ་དང་ཁྱད་ཆོས་ལ་གཞིགས་ནས་གཏན་འཁེལ་བྱེད་པའི་ཐོག་ནས་རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་གཙོ་རྒྱུ་ཀུན་འདུས་མཐུན་སྦྱོར་གྱི་རིག་ནུས་ཅན་གྱི་དུས་མཚམས་གསར་པར་སླེབས་པ་མཚོན་གྱི་ཡོད།
འབྲེལ་ཡོད་གསར་འགྱུར།