དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་བརྒྱད་པར་དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་གཞི་ཁྱོན་གྱི་ཟིན་ཐོ་གསར་པ་བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-09-22

    ཚེས་19ཉིན། གསར་འགོད་པར་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་བ་བརྒྱད་པར་རང་རྒྱལ་གྱི་དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་གཞི་ཁྱོན་ཐད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་སླར་ཡང་བཏོད་ནས་སྐྱེལ་འདྲེན་གྱི་སྤྱིའི་འཁོར་རྒྱུག་བྱེད་འབོར་ཐེངས་དང་པོར་སྤྱི་ལེ་ཏུན་དུང་ཕྱུར་150ལྷག་ཙམ་ཟིན་ནས། སྤྱི་ཡོངས་འཁོར་རྒྱུག་བྱེད་ཚུལ་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད་ཅིང་། ལས་རིགས་ཡོངས་ཀྱིས་སྐྱེལ་འདྲེན་གྱི་སྤྱིའི་འཁོར་རྒྱུག་བྱེད་འབོར་སྤྱི་ལེ་ཏུན་དུང་ཕྱུར་151.8ཟིན་པ་དང་། འགྲུལ་པ་དབོར་ཚད་མི་ཐེངས་ཁྲི་7536.4ཟིན་པ། དངོས་ཟོག་དང་སྦྲག་ཐོག་བསྐུར་མ་དབོར་ཚད་ཏུན་ཁྲི་86.5བཅས་ཟིན་ཏེ། དུས་མཚུངས་ལས་8.0%དང་། 3.3% 13.3%བཅས་སོ་སོར་འཕར་ཡོད།

    འགྲུལ་སྐྱེལ་ཐད། ཟླ་བ་བརྒྱད་པར་རྒྱལ་ནང་གི་མཁའ་ལམ་ནས་འགྲུལ་པ་དབོར་ཚད་མི་ཐེངས་ཁྲི་6789.9ཟིན་པ་དེ་དུས་མཚུངས་ལས་2.2%འཕར་བ་དང་། རྒྱལ་སྤྱིའི་མཁའ་ལམ་ནས་འགྲུལ་པ་དབོར་ཚད་མི་ཐེངས་ཁྲི་746.5ཟིན་པ་དེ་དུས་མཚུངས་ལས་15.3%འཕར་ཡོད།

    ཟོག་འདྲེན་ཐད། ཟླ་བ་བརྒྱད་པར་རྒྱལ་ནང་གི་མཁའ་ལམ་ནས་དངོས་ཟོག་དང་སྦྲག་ཐོག་བསྐུར་མ་དབོར་ཚད་ཏུན་ཁྲི་48.6ཟིན་པ་དེ་དུས་མཚུངས་ལས་8.6%འཕར་བ་དང་། རྒྱལ་སྤྱིའི་མཁའ་ལམ་ནས་དངོས་ཟོག་དང་སྦྲག་ཐོག་བསྐུར་མ་དབོར་ཚད་ཏུན་ཁྲི་37.9ཟིན་པ་དེ་དུས་མཚུངས་ལས་19.9%འཕར་ཡོད།

    གྲངས་གཞི་ལས་མངོན་པར། ཟླ་བ་དང་པོ་ནས་བརྒྱད་པའི་བར། རྒྱལ་ཡོངས་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱིས་སྐྱེལ་འདྲེན་གྱི་སྤྱིའི་འཁོར་རྒྱུག་བྱེད་འབོར་སྤྱི་ལེ་ཏུན་དུང་ཕྱུར་1083.3ཟིན་པ་དེ་དུས་མཚུངས་ལས་10.5%འཕར་བ་དང་། འགྲུལ་པ་དབོར་ཚད་མི་ཐེངས་དུང་ཕྱུར་5.2ལེགས་གྲུབ་བྱས་པ་དེ་དུས་མཚུངས་ལས་5.3%འཕར་བ། དངོས་ཟོག་དང་སྦྲག་ཐོག་བསྐུར་མ་དབོར་ཚད་ཏུན་ཁྲི་651.6ཟིན་པ་དེ་དུས་མཚུངས་ལས་14.5%འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།