དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཆུ་འཐེན་ནུས་གསོག་གི“ལོ་ལྔ་ཚན་བཅུ་བཞི་པའི” གློག་འདོན་དམིགས་ཚད་མངོན་འགྱུར་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-09-22

    གསར་འགོད་པར་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་བ་བརྒྱད་པའི་ཟླ་མཇུག་བར། རང་རྒྱལ་གྱི་ཆུ་འཐེན་ནུས་གསོག་གློག་ཁང་གི་གློག་འདོན་འཕྲུལ་འཁོར་ཨ་མའི་གློག་འདོན་ཚད་ཆན་ཝ་ཁྲི་6236.5ཟིན་ནས། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ནང་བཏོན་པའི་ཆན་ཝ་ཁྲི་6200གི་གློག་འདོན་དམིགས་ཚད་མངོན་འགྱུར་བྱུང་ཡོད།

    རང་རྒྱལ་གྱི་ཆུ་འཐེན་ནུས་གསོག་གི་གློག་འདོན་ཚད་ལོ་9བསྟུད་མར་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི” ཚུན་དུ། ཆུ་འཐེན་ནུས་གསོག་གི་གཞི་ཁྱོན་ཆེ་རུ་དང་སྤུས་ཀ་ལེགས་སུ་རྒྱུན་མཐུད་ཕྱིན་ནས། ཧོ་པེའི་ཧྥུང་ཉིང་དང་ཀོང་ཏུང་གི་དབྱང་ཅང་སོགས་འཛམ་གླིང་རིམ་པའི་མཚོན་རྟགས་ཀྱི་ལས་གྲྭ་ཁག་གཅིག་བསྐྲུན་ནས་སྤྱོད་འགོ་ཚུགས་ཏེ། རྒྱལ་ཡོངས་ཀྱི་ཆུ་འཐེན་ནུས་གསོག་འཕྲུལ་ཚན་ཕྱོགས་བསྡུས་བེད་སྤྱོད་ཀྱི་དུས་ཡུན་དང་ཆུ་འཐེན་གློག་འདོན་ཐེངས་གྲངས་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས། གློག་ཤུགས་མཁོ་སྤྲོད་འགན་ལེན་དང་ལྗང་མདོག་གཞན་སྒྱུར་ལ་འདེགས་སྐྱོར་གྱི་ནུས་པ་གལ་ཆེན་བཏོན་ཡོད།

    ཆུ་གློག་ཆུ་བེད་འཆར་འགོད་ཇུས་འགོད་སྤྱི་ཁྱབ་ཁང་གི་ཡོན་ཀྲང་ལི་ཧྲེང་གིས་ངོ་སྤྲོད་བྱས་དོན། ལག་རྩལ་གསར་གཏོད་ཐད། རང་རྒྱལ་གྱི་ཆུ་འཐེན་ནུས་གསོག་གི་ལས་གྲྭ་འཛུགས་སྐྲུན་ལག་རྩལ་ལ་ཡར་རྒྱས་ཟམ་མི་ཆད་པ་བྱུང་བ་དང་། ཆུ་རགས་ལག་རྩལ་དང་། ཆུ་འདྲེན་གློག་འདོན་མ་ལག་འཛུགས་སྐྲུན་ལག་རྩལ་སོགས་ཕྱོགས་མང་པོ་འཕེལ་རྒྱས་ཕྱིན་པ་དང་། སྒྲིག་ཆས་བཟོ་སྐྲུན་ལག་རྩལ་ཐད། འགྲོས་ངེས་ཆུ་འཐེན་ནུས་གསོག་འཕྲུལ་ཚན་གྱི་བཟོ་སྐྲུན་ལག་རྩལ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་པ་མ་ཟད། འགྲོས་འགྱུར་ཆུ་འཐེན་ནུས་གསོག་འཕྲུལ་ཚན་ཡང་ཉེ་བའི་ལོ་ཤས་རིང་མེད་པ་ནས་ཡོད་པ་དང་ཆུང་བ་ནས་ཆེན་པོའི་བར་འགྱུར་ལྡོག་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།