མིག་སྔར་དྲི་ངན་དབྱང་རླུང་བང་རིམ་གྱི་ཟད་གྲོན་དངོས་རིགས་ཡོངས་འདོར་ལས་དོན་མཐའ་མའི་གདོང་མཆོང་དུས་མཚམས་སུ་སླེབས་པ།
གསར་འགོད་པར་སྐྱེ་ཁམས་ཁོར་ཡུག་པུའུ་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་ལས་དོན་ནང་ཧུར་ཐག་ཞུགས་ནས། རིམ་རྩིས་བརྒྱབ་ན། དྲི་ངན་དབྱང་རླུང་ཟད་གྲོན་དངོས་རིགས་ཐོན་སྐྱེད་དང་སྤྱོད་ཚད་ཏུན་ཁྲི་62.8ཙམ་ཉུང་དུ་བཏང་བ་དེས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གིས་ཉུང་དུ་བཏང་ཚད་ཀྱི་50%ལྷག་ཙམ་ཟིན་ཡོད། ད་ལོའི་ལོ་མཇུག་ཏུ་རང་རྒྱལ་གྱིས་སྔོན་དཔག་བྱས་ན་ད་དུང་ཏུན་ཁྲི་9ལྷག་འདོར་རྒྱུ་ཡིན་པ་རེད།
ད་ལོ་ནི《དྲི་ངན་དབྱང་རླུང་སྲུང་སྐྱོང་གི་ཝི་ཨེན་ནའི་སྤྱི་ཆིངས》བཞག་ནས་ལོ་ངོ་40འཁོར་བའི་ལོ་རེད། ལོ་ངོ་40ཡི་རིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཚན་རིག་གི་སྙིང་སྟོབས་དང་གཅིག་གྱུར་ཡིན་ཡང་ཁྱད་པར་ཡོད་པའི་འགན་འཁྲིའི་རྩ་དོན་ལྟར། 《དྲི་ངན་དབྱང་རླུང་ཟད་གྲོན་དངོས་རིགས་སྐོར་གྱི་མོང་ཐེ་ལིར་གྱི་གྲོས་ཆོད་ཡི་གེ》བཞག་ནས་ལག་ལེན་བསྟར་ཐོག མཐུན་སྒྲིལ་མཉམ་ལས་བྱས་ནས་དྲི་ངན་དབྱང་རླུང་ཟད་གྲོན་དངོས་རིགས་དོར་ཏེ། དྲི་ངན་དབྱང་རླུང་སླར་གསོ་དང་ལས་རིགས་ཀྱི་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད། ཚོད་སྐོར་བྱས་པར་གཞིགས་ན། གོ་ལ་ཧྲིལ་པོའི་ཐུན་མོང་འབད་བརྩོན་འོག དྲི་ངན་དབྱང་རླུང་སྔོན་དཔག་བྱས་ན་དུས་རབས་འདིའི་དུས་དཀྱིལ་ཙམ་ལ་1980ལོའི་གོང་གི་ཆུ་ཚད་དུ་སླར་གསོ་ཐུབ་རྒྱུ་ཡིན་པ་རེད།
མིག་སྔར། དྲི་ངན་དབྱང་རླུང་ཟད་གྲོན་དངོས་རིགས་ཡོངས་འདོར་ལས་དོན་མཐའ་མའི་གདོང་མཆོང་དུས་མཚམས་སུ་སླེབས་ཡོད། སྐྱེ་ཁམས་ཁོར་ཡུག་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས། ཀྲུང་གོས་སྤྱི་ཆིངས་ལག་བསྟར་བྱ་སྤྱོད་ལ་སྐུལ་འདེད་མུ་མཐུད་བཏང་ནས། སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ་དང་། བཅོས་སྐྱོང་ཕན་ནུས་ཆེ་རུ་གཏོང་བ། ལྗང་མདོག་ཚབ་བྱེད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཁར། ཆིངས་ཡིག་འཇོག་མཁན་ཕྱོགས་ཁག་དང་རྒྱལ་སྤྱིའི་ལག་བསྟར་སྒྲིག་གཞི་ཁག་དང་མཉམ་དུ་དྲི་ངན་དབྱང་རླུང་ལ་སྲུང་སྐྱོང་དང་། གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། གོ་ལ་ཧྲིལ་པོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།