དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྗོངས་ཡོངས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་གཏོད་གསར་གཏོད་ཀྱི་འགྲན་བསྡུར་སྐབས་གཉིས་པའི་མཐའ་བསྡུར་ལྷ་སར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-22

    ཉེ་ཆར། རང་སྐྱོང་ལྗོངས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཐིང་གིས་གཙོ་གཉེར་བྱས་པའི་ལྗོངས་ཡོངས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་གཏོད་གསར་གཏོད་ཀྱི་འགྲན་བསྡུར་སྐབས་གཉིས་པའི་མཐའ་བསྡུར་ལྷ་སར་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་འགྲན་བསྡུར་གྱིས“གཟི་བརྗིད་ཕྱིར་ལོག་གིས་ལས་གཏོད་དང་བློ་རིག་སྣེ་ཁྲིད་ཀྱིས་གསར་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། “གསར་དར་སྲོལ་རྒྱུན་འཚོ་བའི་ཞབས་ཞུའི་ལས་རིགས”དང“གྲོང་གསེབ་དར་རྒྱས”ཀྱི་ལས་རིགས་འགྲན་བསྡུར་ཁག་གཉིས་བཟོས་ནས་ལས་རིཌ་ཐོ་འགོད་དང་། བསྐྱར་འགྲན་གདམ་གསེས། མཐར་ཐུག་འགྲན་བསྡུར་བཅས་ནང་དོན་གསུམ་ལ་དབྱེ་ཡོད། འགྲན་བསྡུར་རྣམ་གྲངས་ནང་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་དང་རིག་གནས་ཡུལ་སྐོར་སོགས་སྲོལ་རྒྱུན་གྱི་ཐོན་ལས་ཚུད་ཡོད་ལ། དྲ་ཐོག་ཚོང་དོན་དང་། ནུས་རྒྱུ་གསར་པ། རྒྱུ་ཆ་གསར་པ། རིག་ནུས+སོགས་ཁྱབ་ཁོངས་གསར་པའི་རྣམ་གྲངས་ཀྱང་ཚུད་ཡོད་པ་རེད།

    མཐའ་བསྡུར་བྱེད་རིང་། འགྲན་བསྡུར་སྒྲིག་འཛུགས་ཨུ་ལྷན་གྱིས་དུས་མཉམ་དུ་ལྗོངས་ཡོངས་ཀྱི་ལས་གཏོད་གྲུབ་འབྲས་འགྲེམས་སྟོན་གྱི་སྤེལ་རེས་ཚོགས་འདུ་འཚོགས་པ་དང་འབྲེལ། མཐའ་བསྡུར་བྱ་ཡུལ་དུ་ལས་གཏོད་གྲུབ་འབྲས་ཀྱི་འགྲེམས་སྟོན་ཁུལ་ཡང་བཙུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།