དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • “ལྷ་སའི་དངོས་ཟོག་སྤུས་ལེགས་དང་མཁོ་ཚོང་གིས་ཞིང་པར་རོགས་རམ་བྱེད་པ”ཟུང་དུ་འབྲེལ་བའི་གཞུང་ཕྱོགས་ཀྱི་ཐད་གཏོང་དྲ་ཚོང་རྟེན་གཞིའི་ཡོལ་བ་ཕྱེ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-22

    ཉེ་ཆར། “ལྷ་སའི་དངོས་ཟོག་སྤུས་ལེགས་དང་མཁོ་ཚོང་གིས་ཞིང་པར་རོགས་རམ་བྱེད་པ”ཟུང་དུ་འབྲེལ་བའི་གཞུང་ཕྱོགས་ཀྱི་ཐད་གཏོང་དྲ་ཚོང་རྟེན་གཞི་ལྷ་སར་སྒོ་བྱང་བཀལ་བ་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་བར།“ལྷ་སའི་དངོས་ཟོག་སྤུས་ལེགས་དང་མཁོ་ཚོང་གིས་ཞིང་པར་རོགས་རམ་བྱེད་པ”ཟུང་དུ་འབྲེལ་བའི་གཞུང་ཕྱོགས་ཀྱི་ཐད་གཏོང་དྲ་ཚོང་རྟེན་གཞིས་ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱི་གཞུང་ཕྱོགས་ཀྱི་ཁྱུག་དབྱིངས་ཨང་གྲངས་ལ་བརྟེན་ནས་རྒྱུན་རྣམ་ཅན་གྱི་ཐད་གཏོང་ཟོག་ཚོང་བྱས་ཏེ།“གསོག་ཉར་དངོས་རྫས་བོད་ལྗོངས་ནས་ཕྱིར་གཏོང་བྱེད་པའི”དྲ་ཐོག་གི་ཐབས་ལམ་གསར་པ་བཏོད་ཡོད། མིག་སྔར་རྟེན་གཞི་དེའི་ནུས་པ་འཐུས་སྒོ་ཚང་ཞིང་། ཐོག་སོ་དང་པོར་ཐོན་རྫས་འགྲེམས་སྟོན་ཁུལ་བཙུགས་ནས་ཚགས་ཤ་སྐམ་པོ་དང་ནས་ཀྱི་ཐོན་རྫས་སོགས“ལྷ་སའི་དངོས་ཟོག་སྤུས་ལེགས”40ལྷག་ཙམ་འགྲེམས་སྟོན་བྱས་པ་དང་། ཐོག་སོ་གཉིས་པར“ལྷ་སའི་དངོས་ཟོག་སྤུས་ལེགས་ཐད་གཏོང་ཁང”དང“མཁོ་ཚོང་གིས་ཞིང་པར་རོགས་རམ་བྱེད་པའི་ཐད་གཏོང་ཁང”བཀོད་སྒྲིག་བྱས་ཏེ། ལྷ་སའི་ཁྱད་ལྡན་ཐོན་རྫས་དང་ས་གནས་དེ་གའི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཁག་སོ་སོར་འགྲེམས་སྟོན་བྱས་པ། ཐོག་སོ་གསུམ་པར་ཕྱོགས་བསྡུས་འདུ་འཛོམས་ཁུལ་བཙུགས་ནས“འགྲེམས་སྟོན་དང་། ཕྱིར་ཚོང་། ངོ་འཕྲད་གྲོས་མོལ”བཅས་གཞི་གཅིག་ཅན་གྱི་ཞིང་པར་རོགས་རམ་བྱེད་པའི་རྣམ་པ་གསར་པ་ཞིག་ཆགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།