2025ལོའི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་བོད་རང་སྐྱོང་ལྗོངས་ཀྱི“ཁྲིམས་སྐྱོང་ཉིན་མོའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ།
ཉེ་ཆར། 2025ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་བོད་རང་སྐྱོང་ལྗོངས་ཀྱི“ཁྲིམས་སྐྱོང་ཉིན་མོའི”བརྗོད་དོན་གཙོ་བོའི་བྱེད་སྒོ་ལྷ་སར་སྤེལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར་དྲ་རྒྱའི་བདེ་འཇགས་ཀྱི་རྣམ་པ་དང་སྔོན་འགོག་ཁ་གཏད་ཀྱི་ཆེད་དོན་དྲིལ་བསྒྲགས་ཐོག་མར་བྱས་པ་དང་། ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་དང་དེ་བཞིན་དྲ་རྒྱའི་བདེ་འཇགས་དོན་རྐྱེན་གྱི་སྤྱིའི་རྣམ་པ་དང་ཆོས་ཉིད་ཀྱི་ཁྱད་ཆོས་ལ་དབྱེ་ཞིབ་བྱས་ཏེ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཁེ་ལས་དང་མང་ཚོགས་ལ་ཁ་གཏད་གཅོག་རྩལ་དང་ཁེ་དབང་སྲུང་སྐྱོང་གི་ཐབས་ལམ་འཆད་ཁྲིད་བྱས་ནས། དྲ་རྒྱའི་བདེ་འཇགས་སྲུང་བའི་མི་དམངས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་འཛུགས་རྒྱུར་རོགས་རམ་བྱས་ཡོད།“བཅའ་ཁྲིམས་བློ་འདྲི་རོགས་སྐྱོར་མགྲོན་བསུ་ཁང”ཐོག་མར་བཙུགས་ཤིང་། སྤྱི་བདེ་དྲ་བའི་བདེ་འཇཌ་མི་དམངས་ཉེན་རྟོག་པ་དང་། ཁྲིམས་འཛིན་སྲིད་འཛིན་མི་སྣ། དེ་བཞིན་ཁྲིམས་རྩོད་པ་གྲགས་ཅན་བཅས་ལས་གྲུབ་པའི་ས་གནས་ས་ཐོག་གི་བཅའ་ཁྲིམས་བློ་འདྲི་ཚོགས་པ་བཙུགས་ནས། ཁེ་ལས་དང་མང་ཚོགས་ལ“གཅིག་གཏད་གཅིག”གི་ཆེད་ལས་བཅའ་ཁྲིམས་བློ་འདྲིའི་ཞབས་འདེགས་ཞུས་ཡོད།
བྱེད་སྒོ་སྤེལ་ཡུལ་དུ་ད་དུང་དབྱིངས་ཞུགས་རྣམ་པའི་མཉམ་འགུལ་ཉམས་ལེན་བཀོད་སྒྲིག་ཞིབ་ཚགས་བྱས་ཤིང་། དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་དང་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་ས་གནས་ས་ཐོག་ཏུ་འགྲེལ་བཤད་རྒྱག་པ་དང་། ཉེན་བརྡ་སྒྲོག་པ། དེ་བཞིན་དྲིལ་བསྒྲཌ་ལག་དེབ་སྤྲོད་པ་སོགས་རྣམ་པ་སྣ་ཚོགས་ཐོག་ནས་རྟོགས་དཀའ་བའི་བཅའ་ཁྲིམས་ཀྱི་དོན་ཚན་དག་གོ་བདེ་ཤེས་སླའི་སྐད་ཆར་བསྒྱུར་ཏེ། ཁྲིམས་སྐྱོང་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པར་སྔར་བས་སྐུལ་འདེད་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།