རང་སྐྱོང་ལྗོངས་ཀྱི་2025ལོའི“སྤུས་ཚད་ཟླ་བའི”བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱི་2025ལོའི“སྤུས་ཚད་ཟླ་བའི”བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་ལྷ་སར་སྤེལ་བ་རེད། རང་སྐྱོང་ལྗོངས་སྤུས་ཚད་དང་ཚད་ལྡན་ཅན་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་འབྲེལ་ཡོད་ཁོངས་མིའི་ཚན་པ་དང་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་ཚན་པ། འབྲེལ་ཡོད་ལས་ཁུངས་དང་ཁེ་ལས་བཅས་ཀྱིས་དྲིལ་བསྒྲགས་ས་ཚིགས་བཙུགས་པ་དང་འབྲེལ། སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་བྱེད་སྒོའི་ནང་ཞུགས་མཁན་ཚན་པས་འཕྲེད་ཡིག་བཀལ་བ་དང་། འགྲེམས་པང་བསྒྲིགས་པ། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། ས་གནས་ས་ཐོག་ཏུ་དོགས་གཞི་སེལ་བ་སོགས་ཀྱི་རྣམ་པའི་ཐོག་ནས་མི་དམངས་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་འཛད་སྤྱོད་ཀྱི་གླེང་མང་བའི་གནད་དོན་ལ་དམིགས་ཏེ། རྒྱ་ཆེའི་མང་ཚོགས་ལ་ཐོན་རྫས་ཀྱི་སྤུས་ཚད་དང་། ལས་གྲྭའི་སྤུས་ཚད། ཞབས་ཞུའི་སྤུས་ཚད། འཛད་སྤྱོད་ཀྱི་ཁེ་དབང་སྲུང་སྐྱོང་སོགས་ཀྱི་འབྲེལ་ཡོད་ཤེས་བྱ་སྒྲོག་འགྲེལ་བྱས་པ་རེད།
གཞན་ཡང་། ད་དུང་སྤུས་ཚད་ཀྱི་ཤེས་བྱ་དང་ཟུང་འབྲེལ་གྱིས་བྱ་དགའ་ཡོད་པའི་ལན་འདེབས་དང་ཁ་དན་ཚིག་གནས་ཀྱི་མིང་རྟགས་འགོད་པ་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད།
འབྲེལ་ཡོད་གསར་འགྱུར།