དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་སྐྱེ་ཁམས་ལག་རྩལ་ཞིབ་སྤེལ་ལྟེ་གནས་སྒོ་བྱང་བཀལ་ནས་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-22

    ཉེ་ཆར། བོད་ལྗོངས་འགྲིམ་འགྲུལ་འཕེལ་རྒྱས་ཚོགས་པ་ཚད་ཡོད་ཀུང་སི་དང་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཐེན་ཅིན་ཆུ་འདྲེན་ལས་གྲྭ་ཚན་རིག་ཞིབ་འཇུག་ཁང་གིས་མཉམ་དུ་བསྐྲུན་པའི་བོད་ལྗོངས་སྐྱེ་ཁམས་ལག་རྩལ་ཞིབ་སྤེལ་ལྟེ་གནས(གཤམ་ལ་ཞིབ་སྤེལ་ལྟེ་གནས་ཞེས་བསྡུ་རྒྱུ)ལྷ་སར་སྒོ་བྱང་བཀལ་ནས་བཙུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྟེ་གནས་དེས་མཐོ་གྲང་ས་ཁུལ་གྱི་སྐྱེ་ཁམས་སླར་གསོ་དང་། ནུས་ཁུངས་གྲོན་ཆུང་དང་ཐཱན་འབུད་ཉུང་གཏོང་། ས་ཆུ་སྲུང་འཛིན་སོགས་འགག་རྩའི་ལག་རྩལ་ཞིབ་སྤེལ་དང་བེད་སྤྱོད་ལ་དམིགས་ནས། མཚོ་བོད་ས་མཐོའི་གཞུང་ལམ་ལས་གྲྭའི་སྐྱེ་ཁམས་སྲུང་སྐྱོང་ལ་ཚན་རྩལ་གྱི་འདེགས་སྐྱོར་བྱེད་པ་དང་། ས་མཐོའི་ཁྱད་ལྡན་ལྗང་མདོག་ཐོན་ལས་སྐྱེད་སྲིང་བྱེད་པའི“སྐྱོང་གསོའི་ཡོ་ཆས”སྐྱེད་སྲིང་བྱས་ཏེ་བོད་ཀྱི་ལྗང་མདོག་འགྲིམ་འགྲུལ་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་རམ་འདེགས་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།